བོད་མི་གསར་འགོད་པ་རྣམ་ལ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༤ཉིན། བོད་ཀྱི་སྤྱི་ཚོགས་ནང་གསར་འགོད་པའི་ལས་རིགས་གཉེར་བཞིན་པའི་བོད་མི་གསར་འགོད་པ་ཡོངས་ལ་ཞུ་རྒྱུར། ད་ལྟ་བོད་མི་རིགས་ཀྱི་མ་འོངས་པའི་ཆབ་སྲིད་འཐབ་རྩོད་ཀྱི་མགོ་ཁྲིད་གསར་བ་ཞིག་འོས་འདེམས་བྱ་དགོས་པའི་དུས་ཚོད་གལ་ཆེན་ཞིག་ཏུ་འཁེལ་ཡོད་པས། བོད་ཀྱི་གསར་འགོད་པ་ཚོས་དུས་ཚོད་གལ་ཆེན་འདིའི་ནང་དུ་ཕྱོགས་ཞེན་དོར་བ་དང་ལྟ་ཚུལ་འདྲ་མཉམ་གྱིས་འོས་མི་ལངས་མཁན་གྱི་སྐུ་དྲིན་ཅན་ཚོར་ཆ་མཉམ་གྱི་གར་སྟེགས་ཤིག་སྤྲོད་པར་རེ་བ་ཞུ་རྒྱུ་ཡིན།

བློ་འཚབ་འདི་ཇི་ལྟར་བྱུང་བར་རྒྱུ་རྐྱེན་དེ་ག་རེ་ཡིན་ལབ་ན།ཉེ་སྔོན་དྲ་རྒྱ་ཁག་ཏུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོས་བཀའ་འཁྲི་འོས་མི་ལངས་མཁན་བྱེ་བྲག་གཅིག་ལ་རྒྱབ་སྐྱོར་གྱི་སྒོ་ནས་མི་མང་གི་ཁྲོད་དུ་གསུངས་བཤད་གནང་གིན་ཡོད་པ་དང་ད་དུང་ཚད་ལང་བརྒལ་བའི་ལངས་ཕྱོགས་འཛིན་གྱིན་ཡོད་པ་སོགས་ཀྱི་གནས་ཚུལ་ཞིག་གོ་ཐོས་བྱུང་ལ།བཀའ་འཁྲི་ལངས་མཁན་བྱེ་བྲག་བ་དེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཁ་ཤས་ཤིག་མངོན་གསལ་དོད་པོས་མི་མང་གི་འཚོགས་སར་གར་སྟེགས་ཡོད་སར་བཞེངས་ནས་བཀའ་འཁྲི་འོས་མི་བྱེ་བྲག་ཅིག་ལ་བསྟོད་པ་དང་བྱེ་བྲག་གཅིག་ལ་སྨད་ར་གཏོང་གིན་མི་མང་ལ་གསུངས་བཤད་གནང་རབས་འདུག་པས། གསར་འགོད་པ་ཚོས་ཕྱོགས་ཞེན་ལྡན་པའི་གནས་ཚུལ་མི་སྤེལ་བ་ལ་ཡང་སུས་ཀྱང་ཡིད་ཆེས་བྱེད་ཐབས་བྲལ་བས། རང་རེའི་སྤྱི་ཚོགས་ནང་དུ་སྤྱིར་མིང་དོན་ལྡན་པའི་གསར་འགོད་པ་མེད་པ་བདེན་ན་ཨ་རིའི་རླུང་འཕྲིན་ཁང་གི་བོད་མི་གསར་འགོད་པ་ཚོས་མི་མང་ལ་བློ་ཕམ་པོ་མ་བཟོས་ན་ཡག་ཙམ་གདའ་ལ། ཡང་མི་མང་གི་ཡིད་ཆེས་བརླག་པར་ཅུང་ཙམ་གཟབ་གཟབ་བྱ་རོགས་ཞེས་ཞུ་འདོད་བྱུང༌།

བོད་མི་གསར་འགོད་པ་ཚོ་ཡིན་ཡང་བོད་མི་ཡིན་ཙང་མི་སོ་སོའི་ལྟ་ཚུལ་ལྟར་རྒྱབ་སྐྱོར་བྱེད་ཡུལ་དེར་རྒྱབ་སྐྱོར་བྱ་ཆོག་པ་ཡོད་ཀྱང༌།ད་ལྟ་བོད་ཕྱི་ནང་གཉིས་སུ་ཨ་རིའི་རླུང་འཕྲིན་ཁང་ནི་ཆོལ་ཁ་གསུམ་རིས་མེད་ཀྱིས་ཉན་ཞིབ་བྱེད་ཡུལ་ཡིན་པས།ཨ་རིའི་རླུང་འཕྲིན་ཁང་ལྟ་བུའི་ལས་ཁུངས་ཤིག་གི་གསར་འགོད་པ་ཚོས་མི་མང་གི་ནང་དུ་ཕྱོགས་ཞེན་གྱི་ལྟ་བ་ཁྱེར་ནས་གསལ་འགྱུར་བསྒྲགས་པ་ཡིན་ཚེ། བོད་མི་རིགས་ཀྱི་ཡིད་ཆེས་བརླག་ཉེན་ཡོད་པ་དང་བོད་མི་རིགས་ལ་རླུང་འཕྲིན་ཁང་འདི་ཡིས་ཞབས་ཞུ་བྱ་མི་ཐུབ་པར་གྱུར་བའི་ཉེན་ཁ་ཡོད་ཙང་། དུས་ཚོད་གལ་ཆེན་པོ་འདིའི་ནང་དུ་རླུང་འཕྲིན་ཁང་སོ་སོའི་གསར་འགོད་པ་ཚོས་རང་ཚུགས་བརྟན་པོ་དང་བར་གནས་ཀྱི་ཁྱད་ཆོས་ཐོན་པ་བྱ་དགོས་པ་གལ་ཆེན་པོ་རེད་དོ།

ཞེས་པདྨ་རྒྱལ་པོས་ལྷག་བསམ་དཀར་པོས་བོད་ཀྱི་གསར་འགོད་པ་ཚོར་འབོད་སྐུལ་ཞུས་པའོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
གསར་འགོད་པ་རྣམ་ལ་་དྲང་པོ་ཞུས་ན་རྒྱ་ནག་ལ་རང་དབང་དང་མི་རིགས་ཀྱི་ཐོབ་ཐང་། ཆོས་ལུགས་བྱེད་སྒོ་རིགས་སྤེལ་མི་ཆོག་བའི་དཀའ་ངལ་རྣམས་ང་ཚོས་མཐོང་ཐོས་བྱུང་སྐབས་བློ་ཕམ་པོ་འདུག་ བཙན་བྱོལ་བོད་མིའི་གསར་འགོད་པ་ཚོས་ལྐོག་ཟ་དང་ཕྱོགས་རིས་ ཕྲག་དོག་མང་ཚོགས་སོགས་གོ་ལོག་ཐེབས་ནས་ཆ་ཚང་མ་འགོད་བ་གཉིས་ལ་ཁྱད་པ་སྤུ་ཉག་ཙམ་མཐོང་མ་སོང་ མང་ཚོགས་དང་སྨྲ་བརྗོད་རང་དབང་མི་རིགས་ཐོབ་ཐང་འདྲ་མཉམ་ ཆོས་ལུགས་དད་པ་རང་དབང་གནས་ཚུལ་བཟང་ངན་སྣ་ཚོགས་ལས་དོན་བསྒྲུབས་རྒྱུ་གསར་འགོད་པའི་འགན་ཁུལ་ཨེ་རེད་ལགས། ཡིན་ན་དགེ་ལྡན་པ་ཕྱོགས་གཉིས་ཀས་གནས་ཚུལ་དང་ ཆུ་སྒང་གསར་རྙིང་གཉིས་ བཀའ་བརྒྱུད་ནང་གསེར་ཆ་མཉམ་གནས་ཚུལ་རྣམས་ཕྱོགས་ཐེན་དང་ལཀོག་བརྔན་རིགས་ལ་མགོ་མ་འཁོར་བ་དྲང་པོ་འགོད་རོགས་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།