རྩོམ་ཡིག

ལོ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང་བཞུགས་སོ།

དང་པོ། སྤྱི་དོན ༄༅། །ན་མོ་ཤྲི་ཀཱ་ལ་ཙཀྲ་ཡ། དེ་ལ་འདིར་ཐོག་མར་ཡུལ་གངས་ཅན་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རྩིས་རིག་གི་ངོ་སྤྲོད་གསལ་བསྡུས་ཤིག་གླེང་བར་བྱ་བ་ལ།

 

མང་གཙོའི་འཕེལ་རིམ། (སྲིད་འཛིན་ནཱེ་རཱོ།)

ཐེངས་སྔོན་མའི་འཕྲིན་ཡིག་ཏུ་ངས་ཁྱོད་ལ་དུས་རབས 19 པའི་རང་བྱུང་ཚན་རིག་གི་འཕེལ་རྒྱས་ལ་འཁྱུག་ཙམ་དཔྱད་པའི་ལྟ་ཚུལ་འགའ་བསྙད་པར་འབད་པ་ཡིན། ད་ནི་ངེད་གཉིས་ཀྱིས་ཕྱོགས་གཞན་ཞིག་ནས་དུས་རིམ་འདིའི་མང་གཙོའི་བསམ་བློ་འཕེལ་རིམ་ཐད་དཔྱོད་པར་བྱའོ།།

བསམ་ཚུལ། (1)
   

བསྟན་པ་སྣུབ་པའི་རྒྱལ་བོ་དང་རྒྱལ་ཁབ་དག་གི་མདུན་ལམ།

མཐའ་མའི་བསྐྱར་བཅོས། (༣༠༡༩༩༩༠༥༣༠) འབྲི་མཁན། ཤམ་བྷ་ལའི་ཕོ་ཉ། ༠༧༢༠༡༤༡༢༤༣

རྩོམ་པ་པོ།     རྒྱ་གྲོལ།     
སངས་རྒྱས་ཀྱི་བསྟན་པ་སྣུབ་་པའི་རྒྱལ་བོའམ་དཔོན་པོ་མང་བོ་ཞིག་ལ་ཚེ་འདིར་རྐྱེན་ངན་སྣ་ཚོགས་འབྱུང་བཞིན་ཡོད། དཔེར་ན་རྒྱ་ནག་གི་ལོ་རྒྱུས་སུ་སངས་རྒྱས་ཀྱིས་བསྟན་པ་སྣུབ་པའི་གོང་མ་བོའོ་མིང་ལྡན་པ་གསུམ་དང་ཙུང་མིང་ལྡན་པ་གཅིག་ཏེ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས་ལམ་ལྷོངས་སུ་བྱུང་བ་གཅིག་ཀྱང༌་མེད།
1.ཝེ་བྱང་མའི་(北魏)རྒྱལ་བོ་ཐེད་བོའོ་ཏིས(太武帝)444ལོ་ནས་ཆོས་སྣུབ་པའི་མགོ་བརྩམས་ཤིང་དགོན་པ་གཏོར་ཞིང་གྲྭ་བ་དག་བསད། 452ལོར་ཉུག་རུམ་པ་ཙུང་ཨ་ཨེད་ཀྱིས་བསད།
2.ཀྲུག་བྱང་མའི་(北周)རྒྱལ་བོ་བོའོ་ཏིས་ཡུག་བུན་ཡོང་(武帝宇文邕(yōng) )གིས་དགོན་སྡེ་གཏོར་ཞིང་གྲྭ་བ་དག་བཙན་གྱིས་སྐྱ་སར་ཕབ་པས་ཅུང་མ་འགོར་ནད་ངན་པ་ཞིག་བྱུང་སྟེ་ལུས་རུལ་ནས་ཐེད་དེ་རང་ལོ་སུམ་ཅུ་སྟེང་ཤི་ཞིང་དེ་ནས་ལོ་གསུམ་ཀྱང་མ་འགོར་བར་རྒྱལ་ཁབ་ཐོར།
3.ཐང་རྒྱལ་རབས་ཀྱི་རྒྱལ་བོ་ཙུང་ལི་ཡན་(唐武宗)གྱིས་དགོན་སྡེ་དག་གཏོར་ཞིང་དམ་པའི་ཆོས་བསྣུབས་ཤིང་བསྣུབས་པའི་ལོ་ལོར་སྨན་འཐུང་ལོག་ཏུ་སོང་ནས་ཤི་ཞིང་ཤི་བའི་ལོ་དེར་ཁོ་ལོ་སོ་གཉིས་ཡིན།
4.རྒྱལ་བོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས་ལྷ་ལུང་དཔལ་གྱི་རྡོ་རྗེས་བསད་པ་མ་ཟད། མི་རིང་བར་བུ་གཉིས་ཀྱིས་རྒྱལ་ས་བརྩད་ཅིང་བློན་པོ་དག་གིས་སོ་སོའི་ཕྱོགས་བཟུང་ནས་བོད་སིལ་བུར་ཐོར།
5.ཀྲུག་རྗེས་མའི་རྒྱལ་བོ་ཧྲི་ཀྲུང་ཚད་རོང(世宗柴荣)་ཞེས་པས་སངས་རྒྱས་ཀྱིས་བསྟན་པ་བསྣུབས་ནས་ལོ་བཞི་ལས་ཟིང་འཁྲུག་ལས་བྲང་ལ་ན་ཟུག་ཆེན་པོ་ལངས་ཤི་ཞིང་ཅུང་མ་འགོར་བར་ཀྲུག་རྒྱལ་ཁབ་ཀྱང་རྩ་མེད་དུ་སོང༌།
6.འཇར་པན་གྱིས་བསྟན་བསྣུབས། ཉལ་ཐའི་དམག་འཁྲུག་གི་རྗེས་སུ་འཇར་པན་ལ་དཀའ་ངལ་བྱུང་ཏེ་སློབ་གསོ་སོགས་གོང་སྤེལ་དུ་གཏོང་བའི་ཆེད་དུ་གོང་མས་སངས་རྒྱས་ཆོས་ལུགས་བསྣུབས་ཏེ་གྲྭ་བ་དག་བཙན་གྱིས་སྐྱ་སར་ཕབ་པ་སོགས་བྱས། དེ་ལྟར་བྱས་པས་ཡར་རྒྱས་སུ་ཕྱིན་ཏེ་དམག་གི་རྒྱལ་ཁབ་རིང་ལུགས་ཀྱི་ལམ་དུ་ཞུགས་ཏེ་གཞན་ལ་གཡུལ་བསླངས་པས1945ལོར་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཕམ་ཁ་ཆེན་པོ་མྱངས།
7.བོ་ཐིན་ཡུན་ནི1975ལོར་ཝ་ཐེ་ནན་གྱི་རྒྱལ་ཁབ་གཉིས་སུ་གྱེས་པའི་ལྷོ་མའི་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱིས་སྲིད་འཛིན་ཏེ། ཁོས་གནམ་བདག་ཆོས་ལུགས་ལ་དད་དེ་ནང་བར་གཉའ་གནོན་དང་མནར་གཅོད་ཆེན་པོ་བྱས་པས་དམངས་ཚོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་མ་ཟད། ནང་བའི་སྐྱེས་ཆེན་དྲུག་གིས་དེ་ལ་ངོ་རྒོལ་གྱིས་རང་བསྲེགས་བྱས། ཨ་རིས་ངོ་རྒོལ་བྱས་ཀྱང་མ་ཉན་པས་འབངས་འཁྲུགས་ཤིང་ཅུང་མ་འགོར་གཞན་གྱིས་ལྐོག་གསོད་བྱས་པ་མ་ཟད། རྒྱལ་ཁབ་ཀྱང་རྩ་མེད་དུ་སོང༌།
8.ཐ་ལི་པན་སྲིད་གཞུང་གིས་སྟོན་པའི་འདྲ་སྐུ་གཏོར་བ། 2012ལོར་ཨ་པུ་ཀ་ནི་སི་ཐན་གྱིས་ཐ་ལི་པན་སྲིད་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་དང་ཞུ་བར་མ་འཛེམ་པས་ལོ་ཆིག་སྟོང་ལྔ་བརྒྱའི་ལོ་རྒྱུས་ཡོད་པའི་པ་མི་ཡང་སྟོན་པའི་འདྲ་སྐུ་ཆེན་མོ་བཅོམ།  ། ལོ་དེའི་ཟླ་དགུ་བར་ཨ་རིས་སྲིད་གཞུང་དེ་ཉིད་རྩ་མེད་དུ་བཏང༌།
གཞན་ད་ལོ་དེ་ལྟ་བུའི་གནས་ཚུལ་དཔོན་རིགས་སོ་སོར་བྱུང་བ་ཤིན་ཏུ་མང་སྟེ། ཀྲུང་ཧྭ་མི་སེར་རྒྱལ་ཁབ་སྐབས་ཀྱི་ཧྥན་ཡུ་ཞང་གིས་ཧི་ནན་ཞིང་འགོ་ཁྲིད་བྱེད་དུས། སངས་རྒྱས་ཀྱི་བསྟན་པ་བཤིགས་ཤིང༌། རབ་བྱུང་བ་དག་གནས་དབྱུང་བྱས་ཏེ་དགོན་པ་རྩེད་འཇོ་རྭ་བར་བསྒྱུར། ཅུང་མ་འགོར་བར་ཁོ་སུའུ་ལེན་ལ་བརྟག་དཔྱད་དུ་སོང་ནས་ཕྱིར་ལོག་དུས་གྲྭ་གཟིངས་ལ་མེ་ལ་ཤོར་ནས་གསོན་བསྲེགས་བྱས།
ད་ལོའི་ཟླ12པའི་ཚེས20ཉིན་ཁུང་མེན་པལ་ལིན་རྒྱལ་སྤྱི་ཚད་ཡོད་མཐུན་གཉེར་གི་སྤྱི་བ་ཁྲི་ལིན་ཧྥ་རན་སི་ནས་རྒུན་འབྲུམ་གཞིས་ཀ་ཉོས་ཏེ་གྱེན་འཕུར་གནམ་གྲུ་ལས་དེར་ལྟ་དུས་ཁོའི་བྱིས་པ་ལོ་བཅུ་གཉིས་ལོན་པ་དང་མཉམ་དུ་རྐྱེན་ངན་དུ་གྱུར། ཁོ་ནི་ལོ་བཞིའི་སྔོན་དུ་ཁྲོང་ཆིན་གྱི་བོན་ཆོན་དགོན་པའི་དོན་རྐྱེན་སློང་མཁན་གྱི་ཚོང་བ་དེ་རེད། དོན་རྐྱེན་དེ་སློང་མཁན་ནི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་པོ་ཞི་ལེ་དང༌།ལོ་བཅུ་གསུམ་ལ་ཁྲིམས་ཐག་བཅད་པའི་ལེ་ཀྲིན་ཧྥུ་དང༌། གནམ་གྲུའི་དོན་རྐྱེན་ལས་ཤི་བའི་ཁྲི་ལིན་བཅས་རེད།

   

སྐད་གསར་བཅད་ཐེངས་གསུམ་བྱས་པའི་དུས།

༡ རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྐད་གསར་བཅད༼བསྒྱུར་ཆོས༽དང་པོ་ཞེས་བརྡ་ཆད་བྱས་པ་ཡིན།

༢ དུས་རབས་བརྒྱད་པའི་བར་ནས་དུས་རབས་དགུ་བའི་དུས་མགོ་སྟེ། རྒྱལ་བོ་ཁྲི་ལྡེ་སྲོང་བཙན་ནས་ཁྲི་རལ་བ་ཅན་གྱི་རིང༌། ལོ་དྲུག་ཅུ་ལྷག་ལ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ཀྱིས་སྐད་གསར་བཅད་ཐེངས་གཉིས་པ་བྱས་པ་ཡིན།

༣ དུས་རབས་བཅུ་གཅིག་ནས་དུས་རབས་བཅོ་ལྔའི་བར་དཀྱིལ་ཏེ། བསྟན་པ་ཕྱི་དར་གྱི་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་བྱོན་པའི་བར་ལོ་བཞི་བརྒྱ་ལྷག་ལ་མདོ་རྒྱུད་ཀྱི་བརྡ་ཆད་མང་པོ་གཏན་ལ་ཕབ་སྟེ་ཡི་གེའི་དག་ཆ་མཛད་པ་དེར་སྐད་གསར་བཅད་ཐེངས་གསུམ་པ་བྱས།

བསམ་ཚུལ། (4)
   

གསར་གནས་དེ་ལས་མང་བ།

ཤོག་ངོས། 4 ནས། 31