བཀའ་ཁྲི་བློ་སེང་དང་འབངས་མི་བཀྲ་བྷེ།

(བོད་ནང་གི་རང་ལུས་མེར་སྲེག་གི་དོན་རྐྱེན་དང་པོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ ཚེས་ ༢༧
ཉིན་བྱུང་བ་དང༌། རང་ལུས་མེར་སྲེག་གཏོང་གནང་མཁན་ཐོག་མ་ནི།
ཨ་མདོ་རྔ་བའི་དགུང་ལོ་ ༢༠ ལ་སོན་པའི་དགེ་འདུན་པ་དཔའ་བོ་བཀྲ་བྷེ་རེད།)
ངག་རྒྱུན་དུ། འདི་འདྲ་ཞིག་བཤད་རྒྱུ་ཡོད།
མཁས་པ་དང་མི་ཆེན་ཚོས་རང་སྐྱོན་ངོས་ལེན་བྱེད་དཀའ་རབས་ཟེར།
མཁས་པ་དང་མི་ཆེན་ཚོས་རང་སྐྱོན་ཁ་བསྒྱུར་ནས་བཤད་རབས་ཟེར།
ད་དུང༌། མི་ཆེན་ཚོས་རང་སྐྱོན་ག་ལེར་གཞན་གྱི་མགོར་གཡུགས་པར་བཤད།
བཀའ་ཤག་གསར་བའི་ལས་འགོ་ཚུགས་ནས་ཉིན་ཤག་བརྒྱ་ལྷག་གི་རིང་འདིར།
བཀའ་ཁྲི་མཆོག་གིས་ཨ་རིའི་འགྲོ་མིའི་ལྷན་ཚོགས་དང་ཡུ་རོབ་མཉམ་འབྲེལ་ལྷན་ཚོགས།
གཞན་ཡང་གཞུང་འབྲེལ་ཡིན་མིན་གྱི་སྡེ་ཚན་ཁག་ཉི་ཤུ་ལྷག་ཏུ་གསུང་བཤད་གནང་སོང༌།
འོན་ཀྱང༌། འབངས་མི་དཔའ་བོ་བཀྲ་བྷེ་ལགས་དཔའ་བོའི་ཐོ་གཞུང་དུ་བགྲང་མ་སོང༌།
དེ་བཞིན་དབྱིན་ལན་བྷིས་བྷིས་སི་ནས་བཟུང་རྒྱ་གར་གྱི་NDTVབར་དང་ །
ཐ་ན་རང་རེའི་ཕ་ཡུལ་དྲ་བ་སོགས་གསར་ལམ་ཁག་སུམ་ཅུ་ལྷག་ཏུ་བཅར་འདྲི་གནང་སོང༌།
འོན་ཀྱང༌།
དཔའ་བོ་བཀྲ་བྷེ་ལགས་ཉིས་སྟོང་བརྒྱད་ལོའི་རྗེས་ཀྱི་མེ་བསྲེགས་ཁོངས་སུ་བརྩིས་མ་སོང༌།
སྐབས་དེའི་བཀའ་ཁྲི་ལགས་ཀྱི་གསུང་བཤད་ཁག་ལ་ཡང་བསྐྱར་ཞིབ་ཏུ་གསན་རོགས།
བྱང་ཆ་ལྡན་པའི་དབྱིན་སྐད་ཀྱི་ལམ་ནས། ཁྱོད་ཀྱིས་འདི་ལྟར་གསན་ཡོང༌།
“ཉིས་སྟོང་བརྒྱད་ལོའི་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་བ་ནས་བཟུང་ད་བར་དུ།
དཔའ་བོ་བློ་བཟུང་ཕུན་ཚོགས་སོགས་བོད་ཀྱི་དཔའ་བོ་བཅུས་རང་ལུས་མེ་རུ་བསྒྲོན།”
(སྐབས་དེར་བཀྲ་བྷེ་བརྩིས་ན་བཅུ་གཅིག་ཡོད།)
སྐད་ཆ་འདིས་ང་ཚོར་གསལ་བཤད་ཅི་ཞིག་བྱེད་ཀྱི་ཡོད་དམ།
སྐད་ཆ་འདིས་སུ་ཞིག་གི་ཐུགས་ཁུར་དང་འགན་འཁྲི་གསལ་བཤད་བྱེད་བཞིན་ཡོད་དམ།
བཀྲ་བྷེ་མེ་བསྲེགས་བཏང་ཡོད་མེད་ཙམ་ཡང་མི་ཤེས་པའི་ང་ཚོ་བཙན་བྱོལ་བ་ཚོ།
རྒྱལ་གཅེས་དཔའ་བོ་ཚོའི་ཚེ་སྲོག་ཅི་ལ་ཡང་མི་བརྩི་བའི་ང་ཚོ་བཙན་བྱོལ་བ་ཚོ།
ཁ་ཤས་ཀྱིས་བཤད་ན། བཀའ་ཁྲིས་ཐོག་མར་རང་ཉིད་ཀྱིས་གསལ་བོ་མ་ཤེས་པ་རེད་ཟེར།
རྗེས་སུ་ཤེས་རྟོགས་བྱུང་རྗེས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་བྱེད་མ་ཐུབ་པ་རེད་ཟེར།
ཁ་ཤས་ཀྱིས་བཤད་ན། བཀའ་ཁྲིས་མེར་བསྲེགས་དོན་རྐྱེན་གྱི་གནས་ཚུལ་ཆུང་རུ་བཏང་ནས།
བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྱར་དུ་སྐྲུན་བཞིན་ཡོད་པ་རེད་ཟེར།
གང་ལྟར་གནས་ཚུལ་དེ་འདི་ལྟར་ག་ལེར་འཛམ་གླིང་ལ་ཁྱབ་བཞིན་འདུག
དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། གནས་ཚུལ་དེ་འདི་ལྟར་བོད་ནང་དུའང་ཁྱབ་བཞིན་འདུག
རྒྱལ་སྤྱིའི་བོད་དོན་མཁས་པ་ཚོས་གནད་དོན་དེར་དོགས་སློང་བྱེད་བཞིན་འདུག
བོད་ནང་གི་སྙུག་ཐོགས་པ་དག་གིས་ཀྱང་བྱེད་སྟངས་དེར་བློ་ཕམ་བྱེད་བཞིན་འདུག
བོད་ནང་དུ་རླབས་ཆེན་དཔའ་བོ་དག་རེ་རེ་བཞིན་དམར་བོ་མེ་ལ་མཆོངས་སོང༌།
བཙན་བྱོལ་དུ་ང་ཚོས་ཐ་ན་འཛམ་གླིང་ལ་མིང་འབོད་ཙམ་ཡང་བྱེད་མ་ཐུབ།
གནས་ལུགས་འདི་ང་ཚོས་ཇི་ལྟར་གསལ་བཤད་བྱེད་དགོས།
བྱེད་སྟངས་འདིར་ང་ཚོས་སུ་ལ་བདེན་ཁ སྤྲོད་དགོས།
སྐབས་འདིར་མི་ཤས་ཀྱིས་རྒྱུ་མཚན་ལྟར་སྣང་འདྲེན་བཞིན་པ་འདི་ལྟར།
བཀྲ་བྷེ་མེ་རུ་བསྲེགས་པ་མིང་དང་སྙན་གྲགས་ཙམ་གྱི་ཆེད་དུ་མིན་ཟེར།
བཀྲ་བྷེ་ལ་དགོས་པ་བོད་ཀྱི་རང་དབང་ཡིན་པ་ལས་གྲངས་འདྲེན་ཙམ་མིན་ཟེར།
བཀའ་དྲིན་བསམ་ཤེས་དང་དཔའ་བོ་རྗེས་དྲན་བྱེད་སྟངས་འདྲ་མིན་ཡོད་ཟེར།
ད་དུང༌། བཀྲ་བྷེ་གླེང་ནས་བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱེད་པ་རེད་ཟེར།
གལ་སྲིད་ཁྱེད་རང་བཀྲ་བྷེའི་ཕུ་ནུ་མིང་སྲིང་ངམ་ཕ་མ་ཞིག་ཡིན་ཚེ།
གལ་སྲིད་ཁྱེད་རང་ཚེ་སྲོག་གི་རིན་ཐང་ལ་སྤྲོད་མཁན་ཞིག་ཡིན་ཚེ།
གལ་སྲིད་ཁྱེད་རང་གཞན་གྱི་བློས་བཏང་ལ་བཀའ་དྲིན་ཤེས་མཁན་ཞིག་ཡིན་ཚེ།
ཁྱེད་ཀྱིས་གནས་ལུགས་དེ་ཇི་ལྟར་གསེད་དཀྲོལ་བྱེད།
ཁྱེད་ཀྱིས་བྱེད་སྟངས་དེར་ཇི་ལྟར་འགྲེལ་བཤད་བྱེད།
མཆན།
ཉིས་སྟོང་བརྒྱད་ལོའི་རྗེས་ནས་བོད་ནང་དུ་རང་ལུས་མེར་རུ་ཐོག་མར་སྒྲོན་མཁན་རྒྱལ་ གཅེས་དཔའ་བོ་བཀྲ་བྷེ་ལགས་ཀྱི་གནད་དོན་སྐོར་ལ་བོད་ཕྱི་ནང་གཉིས་དང༌།
ད་དུང་རྒྱལ་སྤྱིའི་མཁས་པ་མང་བོ་ཞིག་གིས་ཀྱང་གླེང་སློང་འབྱུང་བཞིན་པའི་གནས་ཚུལ་རགས་བསྡུས་ཤིག་བཀླགས་རྗེས་བྲིས།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (13)
13 ༢༩༢༠༡༢༡༦༥༩
ང་ཚོ་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཚང་མས་མཐུན་སྒྲིལ་དམ་ཟབ་བྱེད་པ་ལས་ཕན་ཚུན་དབྱེན་དཀྲུགས་ཀྱི་བྱ་བ་ངན་པ་འདི་ཚོ་དྲ་ཐོག་ཏུ་མེད་ན་མཐུན་སྒྲིལ་ཟབ་་་་ཐུགས་རྗེ་ཆེ
མཚོ་ནག་གཏིང་ཟབ། ཟླ་བའི་འོད་འདངས་གིས་མི་སྙབ། མཚོ་ནག་ཁ་ཞེང་ཆེ། ཟླ་བའི་འོད་སྣང་གིས་མི་དྲོ། མཚོ་ནག་འཁྱག་པས་བསྡམ། ཟླ་བའི་འོད་སྣང་དེ་མི་མཐོང། ཡིན་ན་ཡང་ཚིགས་ལ་དག་ཆ་དང་དོན་ལ་བརྗོད་བྱས་མཛེས་ན། བྱོན་པ་ལེགས་སོ་ཡོད། བྱང་སེམས་ཟླ་བ་དཀར་པོ། མཚོ་ནག་གཏིང་སྟེང་ལ་འཆར་སྐབས། བློ་གྲོས་དཔོག་པའི་འོད་སྣང། གཟུགས་བརྙན་ཞིག་ལས་མི་འདུག། དྲ་གྲོགས་ལགས་བྱོན་པ་ལེགས་སོ་ཡོད་ད།
11 ༢༡༢༠༡༢༢༣༠༡
མཚོ་ནག་ལགས་དགོངས་སེལ་ཞུ། དངོས་འབྲེལ་ཁ་བཤད་དོན་ལ་གནས་ཚེ་ཡིད་རང་ཡོད་བྱང་སེམས་ཟླ་བ་ཡི་འོད་ཟེར་དཀར་པོ་མཚོ་ནག་མུནཔའི་གླིང་དུ་འཕྲོས་ནས་ཤེས་རབ་ཀྱི་་པདྨོ་འི་ཟེར་འབྲུ་རྒྱས་པ་སྨོན་ལོ་གྲོགས་པོ་ལགས།
10 ༢༡༢༠༡༢༢༠༥༥
དྲ་གྲོགས་བྱང་སེམས་ཟླ་བ་ལགས་ལ་འཚམ་འདྲི་ཡོད། ཁྱེད་ཀྱི་གསུངས་པ་དངོས་གནས་རེད། ཡིན་ན་ཡང་ང་མཚོ་ནག་ལྟར་བུར་ཆ་མཚོན་ན་ཉིས་སྟོང་བརྒྱད་ནས་ད་བར་འཇོན་ཚོད་དཔག་ཚོད་གྱིས་རང་བོད་པ་ཞིག་ཡིན་པའི་འདུ་ཤེས་མ་དོར་བ་བྱས་ཁུལ་བྱས་ཟིན་པ་ཞིག་ཡིན་ལགས། མ་འོང་པ་ཡིན་ན་ཡང་བོད་ཀྱི་རྩ་དོན་ཐོག་རང་ནུས་གང་ལྕོག་གྱིས་ཕྱར་གྲུ་མཉམ་འདེབས་བྱེད་པའི་འདུན་པ་ཡོད་པ་ཞིག་ཡིན་ལགས། ཁྱེད་ནི་བྱང་སེམས་འབབ་པའི་གོ་འདྲ་ཆོད་ན་མ་གཏོག་དོན་དངོས་ཐོག་ཟླ་བ་སྤྲིན་གྱིས་འོག་ནས་མ་ཐར་བ་ཞིག་ཡིན་ཚོད་འདུག་ལགས། བརྩེད་མོ་ཞུས་པ་ཡིན་ད། ཁ་མཚར་བརྩེད་མོ་གཏམ་གྱིས་བརྒྱན། མེ་ཏོག་སེར་ཆེན་སྤང་གིས་བརྒྱན། ཟེར་བ་ལྟར་ཁ་མཚར་ཞུས་པ་ཡིན་ལགས། །
9 ༢༡༢༠༡༢༡༨༡༠
བོད་པའི་འབུ་མཚོ་ནུབ་ལགས། ཁྱེད་དེ་འདྲ་ཡིན་ན་བྱ་བ་ཞིག་སྒྲུབས་དང་དེ་ནས་ཁྱོད་ལ་ཡིད་ཆེས་གནང་ངེས་རེད་ལོ་་་་ok
8 ༢༠༢༠༡༢༡༨༥༨
སྦགས་རི་ལགས་དངོས་བདེན་ཡིན་ནམ། དེང་སང་དྲ་རྒྱའིཟིན་བྲིས་པ་ཚོའི་འདྲ་མིན་སྣ་ཚོགས་འབྲི་ཀི་ཡ་དངོས་གནས་ཡིད་ཆེས་ཁག་པོ་འདུག
7 ༡༠༢༠༡༢༢༢༣༦
མི་བུ་འདི་ཚོས་དཀྲུག་གིན་རེད་དོ། གཟབ་གཟབ་བྱེད་དགོས། གཞིས་བཞུགས་སྤུན་ཟླ་སྤྱིར་དང་བཀྲ་བྷེ་སོགས་ཀྱི་སྙིང་སྟོགས་དང་། རྒྱལ་ཞེན་ལྷག་བསམ། དད་པ་དང་ཡིད་ཆེས་བཅས་ལ་བསྔགས་བརྗོད་དང་གུས་འདུད་ཞུ།
གཞིས་བསྡོད་ཀྱི་བོད་མི་ཚོར། སེམས་ཤུགས་དང་བློ་སྟོབས་མ་ཆགས། བཙན་བྱོལ་དུ་གནས་པའི་ཁྱེད་ཚོའི་སྤུན་ཟླ་ཚོས་ངལ་མེད་འབད་བརྩོན་གྱི་རང་དབང་དང་རང་བཙན་གི་ཆེད་འབད་པ་དང་བརྩོལ་བ་ལ་རྒྱུན་ཆད་མེད། གཞིས་བསྡོད་ཀྱི་བོད་མི་ཚོར། མི་རིགས་དང་ཆོས་སྲིད་གྱི་ཆེད་དཔའ་ངར་ཞུམ་མེད་གྱི་གཅེས་པའི་ཚེ་སྲོག་ཡང་འཕང་མེད་དུ་འབུལ་བར་དེ་ནོར་མེད་ལ་། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཁྱེད་ཚོའི་འབུལ་ཟིན་པའི་ཚེ་སྲོག་གི་རིན་ཐང་ནི་གཞལ་དུ་མེད་ལ་ཁྱེད་ཚོས་བློའི་བཏང་བྱས་པའི་འབྲས་བུ་ནི་མྱུར་དུ་སྨིན་ངེས་ཡིན་ལ་སྨིན་དགོས་ངེས་ཞིག་ཀྱང་ཡིན། ཚེ་སྲོག་ནི་མི་རྟག་པ་ཡིན་དུས་ནམ་འཆི་ཆ་མེད་ཡིན་ཡང་ཁྱེད་ཚོའི་ཚེ་སྲོག་འབུལ་བ་དེ་ནི་རླབས་ཆེན་དང་ཚེ་སྲོག་འབུལ་བ་དེ་ལ་རིན་ཐང་དཔག་མེད་ལྡན་ཡོད་ལ་བོད་པ་ཟེར་མཁན་ཞིག་ཀྱང་འཛམ་གླིང་འདི་ཡི་གོང་དུ་རང་དབང་ལ་རེ་ནས་འཚོ་བསྡོད་བྱས་ཡོད་པའི་དཔང་རྟགས་དེ་ལས་ལྷག་ཅིག་ཅི་དགོས། གཞིས་བསྡོད་བོད་མིའི་ཚོ་སེམས་ཤུགས་མ་ཆག་དང་ཁྱེད་ཚོས་རྒྱབ་ཏུ་ཞི་བདེ་ལ་དགའ་བའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་དང་མ་ཚད་གངས་ཅན་བོད་ཀྱི་སྐྱབས་མགོན། གངས་ལྗོངས་ཐུབ་དབང་གཉིས་པ་། གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཡང་ཁྱེད་ཚོའི་ལུས་ངག་ཡིད་གསུམ་དང་སྐད་གཅིག་ཙམ་ཡང་འབྲལ་བ་མེད་པ་དད་པས་མ་འཕྱུག་ན་ཐུགས་རྗེའི་ལ་སླུ་བ་ནམ་ཡང་མེད་པ་ཧ་གོ་དགོས་རེད་
ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོར་སྙིང་ཐག་པ་ནས་རྒྱབ་བསྐྱོར་དང་དད་གུས་དང་བསྔགས་བརྗོད་དང་ང་ཚོ་བོད་མི་འདིར་རྩ་མེད་མ་སོང་བར་ཁྱེད་དཔའ་བོ་དང་དཔའ་མོ་ཚོས་མཛད་རྗེས་རླབས་པོ་དེ་ཚོ་ལ་གདུང་སེམས་མཉམ་བསྐྱེད་དང་མ་ཎི་རྐང་གཅིག་འདོན་ན་ཡང་ཁྱེད་ཚོས་ཆེད་དུ་དང་མཆོད་མེ་རྐང་གཅིག་སྦར་ན་ཡང་ཁྱེད་ཚོས་མིང་མེད་པ་མི་བྱའོ་དམ་བཅའ་ཡིན་ནོ། དངོས་གནས་བྱས་ན་ཁྱེད་ཚོ་འདྲ་བའི་ན་གཞོན་དེ་ཚོས་ཆོས་སྲིད་གི་ཆེད་དུ་སྐུ་ལུས་མཆོད་འབུལ་བྱེད་པ་གོ་དུས་སེམས་གཏིང་ནས་ཧ་ལས་པ་དང་གུས་བཀུར་དང་ལུས་ངག་ཡིད་གསུམ་གི་ཁྱེད་ཚོར་རྒྱབ་བསྐྱོར་ཡོད། མཚོ་ནག་ང་ལྟར་བུ་ཡིན་ན་ཡང་གཉན་འཕྲང་གིས་སྐབས་སུ་ཁྱེད་ཚོ་འདྲ་བའི་སེམས་ཤུགས་སྐྱེ་བ་སྨོན། དུས་ནམ་དུ་ཡང་བོད་ཀྱི་ན་གཞོན་ཚོས་གཅིག་རྒྱབ་གཉིས་མཆོང་ཡོང་བའི་འབོད་བསྐུལ་ཞུ་བ་དང གོ་སྐབས་ལ་བརྟེན་ནས་ལས་འགུལ་ཞི་དྲག་གཉིས་གདམ་ཁ་བྱས་ནས་སྤེལ་བ་དང་མུ་མཐུད་ནས་དཔའ་བོ་རྒྱབ་ཆད་མ་ཡོང་བ་བྱེད་རོགས་ཟེར་ནས་འབོད་བསྐུལ་ཞུ་གི་ཡོད  ། ང་ཚོས་ཚེ་སྲོག་ནི་རྩ་ཆེ་ན་ཡང་རྒྱལ་ཁབ་ནི་དེ་བས་ཀྱང་རྩ་ཆེ་བ་བརྩི་རོགས། དཔལ་འབྱོར་དེ་དགོས་ཆེ་ན་ཡང  སྤུན་ཟླ་ཚོ་ནི་དེ་བས་ཀྱང་དགོས་ཆེ། ང་ཚོས་ཚེ་སྲོག་གནང་མཁན་དེ་ཡང་བོད་པ་ཞིག་ཡིན་དུས་  རྩ་དོན་ལ་ཐུག་དུས་བོད་ཡུལ་ལུང་གི་ཆེད་དུ་ཚེ་སྲོག་འབུལ་ས་དེ་ཡང་ཡིན་ལོས་དགོས། ང་ཚོར་ནམ་ཞིག་གི་ཚེ་འཆི་ངེས་ཡིན་པ་དེ་ལ་བཟློག་ཐབས་མེད་པ་ཡིན་དུས་དེ་བས་སོར་སོའི་མི་རིགས་དང་མ་འོང་པའི་བོད་པ་ཚོས་ཆེད་དུ་སྐུ་ལུས་མཆོད་འབུལ་ཞུ་མཁན་དེ་ཚོས་སྐུ་ལུས་མཆོད་འབུལ་བྱས་པར་ནོར་མེད། མུ་མཐུད་ནས་ཆོལ་ཁ་གསུམ་ཀ་ནས་དེ་རིགས་ལས་འགུལ་གཅིག་རྗེས་གཉིས་མཐུད་ཡོད་ན་ད་བཟོད་ང་ཚོས་འཐབ་བརྩོད་བྱེད་བཞིན་པའི་དམིགས་ཡུལ་ངོ་མ་དེ་འགྲུབ་ཐུབ་པ་ཐེ་ཚོམ་མེད། ་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོར་དཔལ་འབྱོར་དང་ཐོབ་ཐང་ལ་མགོ་མ་འཁོར་ནས་གཞིས་བསྡོད་བོད་མིའི་རེ་འདུན་དང་སྐུ་སྲོག་བོད་དོན་དུ་འབུལ་བཞིན་པའི་ན་གཞོན་ཚོས་དམིགས་ཡུལ་དང་རེ་བ་དང་ཁ་ཆེམས་དེ་ཚོས་ཆེད་དུ་སོར་སོ་སྒེར་ཆེན་པོ་མ་བརྩི་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་ཕྱག་ལས་གནང་རོགས་ཞུ་བ་དང་བོད་པའི་བུ་ཕྲུག་བློ་རིགས་རྣོ་བ་དེ་ཚོ་གདམ་ནས་ཞི་དྲག་གཉིས་ཀའི་སློབ་སྦྱོང་ཆེད་ཕྱི་རྒྱལ་ཡུལ་ལུང་ནང་དུ་ཟབ་སྦྱོང་ཆེད་མངགས་རོགས་ཞུ་རྒྱུ་དང། ད་ང་ཚོ་བཙན་བྱོལ་བ་རང་དབང་ལུང་པ་ལ་བསྡད་ནས་བོད་ནས་མི་གཅིག་མེ་སྲེག་གཏོང་འདུག་ཨ་ཁ་ཁ་ཟེར་ནས་བསྡད་ན་ངོ་ཚ་རྒྱུ་དང་ཞེ་ཁྲེལ་རྒྱུ་དང་མ་ཚད་བོད་གཞུང་ནས་འགུལ་བསྐྱོད་ཅི་ཡང་མ་བྱས་བསྡད་པ་ཡིན་ན་ང་ཚོར་བོད་གཞུང་ཡོད་རྒྱ་ནག་ལ་ཁ་བཏད་གཅོག་མཁན་གྱི་གཞུང་ཞིག་ཡོད་ཟེར་ནས་མི་ལ་ངོམ་རྒྱུ་རང་ལ་སྨོན་པ་དེ་ཚོར་ད་འགུལ་བསྐྱོད་མ་རྒྱབ་ན་ཕར་རྒྱ་ནག་ལ་མགོ་བཏགས་ན་ཡག་ཤོས་རེད་ཆེ་ས་ནས་བསམ་བློ་བཏང་ན་ད་དུང་མི་མང་པོ་འཕྲོ་རླག་མ་སོང་གོང་དུས་ཚོད་རྟག་རྟག་རེད། གཞན་ང་ཚོར་འུ་ཐུག་ན་རྒྱབ་བསྐྱོར་བོད་གཞུང་ཡོད་ཟེར་ནས་ཚིགས་སྟོང་པ་གཅིག་གིས་ཕན་ག་རེ་ཐོག་གི་རེད་དེ་མིན་ན་བོད་གཞིས་པས་རེ་ས་བཙན་བྱོལ་གཞུང་དམངས་ཡིན་ཙམ་བཙན་བྱོལ་གཞུང་དམངས་ནས་ཀྱང་ཞི་དྲག་གཉིས་ཀྱི་ལས་འགུལ་གོ་སྒྲིགས་བྱེད་རན་འདུག་རན་པས་མ་ཚད་ཕྱི་དྲག་འདུག། མེ་མདའི་ཁ་ན་འཚོ་བསྡོད་བྱེད་བཞིན་པའི་ཆོལ་གསུམ་བོད་པ་ཚོས་རེ་བ་དང་སྙིང་སྟོབས་དང་མ་བསྐུལ་དངས་བླང་གིས་ཐོག་ནས་རླབས་ཆེན་གྱི་མཛད་རིམ་བྱེད་དང་བྱེད་བཞིན་པ་འདི་ཚོས་ལས་འཕྲོ་དེ་སུས་སྐྱོངས་དགོས་རེད། བཙན་བྱོལ་གཞུང་དམངས་ལོང་བའི་དུས་ལ་བབས་འདུག་། དེ་ནི་ངས་བསམ་ཚུལ་ཡིན་ནོར་འདུག་ན་སློབ་སྟོན་ཡོད་པ་ཞུ་། བོད་རྒྱལ་ལོ གཞན་པ་ད་ལོ་ལོ་སར་མེད་པ་ཞུ། གལ་སྲིད་འདི་ལོའི་ལོ་སར་སྤྲོ་སྐྱིད་ལ་རོལ་མཁན་ཡོད་ན་བོད་ལ་རང་བཙན་བར་དུ་བོད་པའི་ལྟས་ངན་རྐྱེན་ངན་བར་ཆད་ཆག་སྒོ་སྒོ་གསུམ་གྱི་ཐལ་བ་ཐམས་ཅད་འདི་ལོས་ལོ་སར་སྐྱིད་པོ་གཏོང་མཁན་དེ་ཚོས་མགོ་ལ་བབས་པ་ཤོག་ཅིག ། 
༄༅། །སྐུ་ལུས་མེ་མཆོད་ཕུལ་བའི་རྒྱལ་གཅེས་དཔའ་བོ་རྣམས་ལ་གུས་འདུན་ཡོད། ཁྱེད་རྣམས་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོ་ན་ལམ་ཞུ།
བཀའ་ཁྲི་བློ་བཟང་སེ་གེས། རྒྱལ་གཅེས་པ་དཔའ་བོ་བཀྲ་བྷེ་མིང་འདོན་བྱེད་རྒྱུ་མ་བྱུང་བ་དེ་བསམ་བཞིན་དུ་པ་ཡིན་རྒྱུ་མ་རེད་སྙམ། གང་ཡིན་ཞེ་ན། དེ་ནས་ཕར་ཆེར་དུས་ཚོད་བཅད་མཚམས་བྱས་པ་ཡིན་པར་འདོད། དེ་མིན་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེད་མཆོད་འཕུལ་ཐོག་མ་དེ། དཔའ་བོ་ཐུབ་བསྟན་དངོས་གྲུབ་རེད། དེ་ཡང་ད་ལྟར་མིང་འདོན་བྱེད་ཀྱི་མི་འདུན། དེ་བཞིན་ལྡི་ལི་རྒྱལ་མིའི་གཞུང་ཚབ་ཁང་གི་མདུན་དང་། བལ་ཡུལ་དུ་སྐུ་ལུས་མེ་མཆོ ད་འབུན་མཁན་བཅས་མིང་འདོན་བྱེད་ཀྱི་མི་འདུག
3 ༣༡༢༠༡༢༡༩༢༩
གདོང་དམར་བོད་ཀྱི་ཕོ་རྒོད་ལགས། བོད་མིའི་བོད་དོན་ཆེད་མེ་སྲེག་གཏོང་བ་དེ་བོད་གཞིས་བྱེས་གཉིས་ཀའི་ཧ་གོ་དགོས་པ་ཞིག་རེད་གང་ཡིན་ཟེར་ན་གཞིས་པ་ཡིན་ན་ཡང་བོད་པ་རེད་བྱེས་པ་ཡིན་ན་ཡང་བོད་པ་རེད་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་རང་སྲོག་ལ་མ་འཛེམ་པ་སྐུ་ལུས་མཆོད་འབུལ་བྱེད་པ་དེ་བོད་གཞིས་བྱེས་གཉིས་ཀའི་ཆེད་དུ་རེད།
གཞིས་ཆགས་གིས་ཧ་མ་གོ་བ་མ་རེད་་། དཔེར་ན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཡང་གཞིས་ཆགས་མ་རེད་བས ། བོད་ལ་དྲན་གསོས་རྡོ་རིང་ཐོག་མར་སློང་མཁན་དེ་སུ་རེད་ཧ་གོ་སོང་བས ད་གང་ལྟར་ག་རེ་ཡིན་ཀྱང་རང་རང་སོར་སོའི་ངོས་ནས་འདས་པོ་ཚོའི་ཆེད་དུ་མཆོད་མེ་རྐང་གཅིག་སྦར་ཐུབ་ན་ཡང་འགྲིགས་གི་ཡོད་རེདཐ་ན་མ་ཎི་རྐང་གཅིག་དེ་ཚོའི་ཆེད་དུ་འདོན་ཐུབ་ན་ཡག་པོ་ཡོད་རེད། དེ་ཚོ་ཚང་མ་ང་ཚོའི་ཆེད་དུ་གྲོངས་པ་རེད་
2 ༢༢༢༠༡༢༠༥༢༢
༄།། ལགས་སོ་ད་མི་ཤིས་ ཡིན་ན་བོད་ཀྱི་དཔལ་བོ་རྣམ་པའི་སྙིང་སྟོབས་དེ་བཙན་བྱོལ་བོད་མི་རྣམ་པའི་ངོ་ཤེས་པའི་ཐོག་ནས་དྲན་པ་མ་བརྗེད་རོག་ཞུ
དཔའ་བོ་དམ་པ་བཀྲ་བྷེ་མཆོག་བཀའ་ཁྲིས་བརྗོད་མ་སོང་ཟེར་ཡོང་མཁན་ཐོག་མ་དེ་ཚེ་རིང་འོད་ཟེར་ལགས་རེད། ཚེ་རིང་འོད་ཟེར་ལགས་ཀྱིས་སྔ་ཕྱིས་གཉིས་བརྗོད་ཡོད། སྤྱིའི་ཆ་ནས་ཤེན་ཏུ་ལེགས་པོ་རེད། ཡིན་ནའང་འོད་ཟེར་ལགས་ཀྱིས་བོད་བསྟན་སྲིད་གཉིས་ཀྱི་དོན་དུ་རང་ལུས་རིན་ཆེན་མེར་མཆོད་སྒྲོན་བ་དབུ་འཛུགས་གནང་མཁན་དཔའ་བོ་དམ་པ་ཐུབ་བསྟན་དངོས་གྲུབ་ལགས་དྲན་ངོགས་ནས་བསྐྱུར་ཟིན་པ་འདྲ། དེ་བཞིན་འོད་ཟེར་ལགས་ཀྱི་དགོངས་ཚུལ་ཁ་ལ་ཁྱེར་ཏེ་བཀའ་ཁྲིས་མི་འཇོན་རབས་དང་བཀའ་ཁྲིར་མེད་རབས་རྗོད་མཁན་ཚོའི་དྲན་ངོགས་སུའང་དཔའ་བོ་དམ་པ་ཐུབ་བསྟན་དངོས་གྲུབ་ལགས་ཡལ་ཟིན་པ་འདྲ་འདུག བཀའ་ཁྲིས་དཔའ་བོ་དམ་པ་བཀྲ་བྷེ་མཆོག་གི་མཚན་མ་བརྗོད་པར་ནོར་འཁྲུལ་ཇི་ཙམ་ཡོད་པ་ཇི་བཞིན། ཁྱེད་ཚོས་ཀྱང་དཔའ་བོ་དམ་པ་ཐུབ་བསྟན་དངོས་གྲུབ་མཆོག་གི་མཚན་མ་བརྗོད་པར་ནོར་འཁྲུལ་ཡོད་ངེས། དོན་དུ་བཀའ་ཁྲི་དང་ཁྱེད་ཅག་གཅིག་མཚུངས་སུ་གྱུར་འདུག་ན། ཁྭ་ཏས་ཁྭ་ཏ་གཞན་ཞིག་ལ་ནག་པོ་མདོག་ངན་པོ་བརྗོད་པ་དང་གཅིག་མཚུངས་རེད་སྙམས། དོན་སྙིང་བྱ་སྤུ་ལས་ཡང་བར་སེམས་སོ། བཀྲིས་བདེ་ལེགས།



བརྗོད་གཞི་གཞན་ཁག་ལ་གཟིགས།