མོན་གྷོ་ས་གནས་དང་གདན་སར་མཚན་རྟཌ་བསྡུ་རུབ་བྱེད་བཞིན་པ།
མཐའ་མའི་བསྐྱར་བཅོས། (༢༨༢༠༡༠༡༥༤༤) འབྲི་མཁན། དཔལ་ལྡན་རྡོ་རྗེ་ལགས་ཀྱིས་འདི་ག་ཤམ་བྷ་ལའི་ཕོ་ཉའི་ཟིན་བྲིས་སུ་བཀོད་པ་ནས་བཏུས། ༢༨༢༠༡༠༡༥༣༠
དེས་ན་ཡིད་རྨོངས་ཅན་གྱི་ཆུ་སྣ་གང་འཁྲིད་འགའ་ཞིག་མ་གཏོགས་ཁོ་ཚོའི་བཏོན་པའི་གྲོས་གཞིར་མཚན་རྟགས་རྒྱག་མི་སྲིད་སྙམ། དེའི་སྐོར་ཕྲན་གྱིས་ཀྱང་བསམ་ཚུལ་འགའ་ཤས་གླེང་ན་འདོད། ངས་བལྟས་ན་གྲོགས་ཕུན་བཀྲ་ལགས་ཀྱིས་གསུང་པ་བཞིན་རང་མིན་ཚོད་འདུག གང་ལགས་ཤེ་ན་ཁོ་ཚོ་བཅར་སའི་ཁམས་ཚན་དགེ་རྒན་དག་གིས་ཕུན་བཀྲས་བཤད་པ་ལྟར་བཤད་མི་འདུག་ལ་མཚན་རྟགས་ཀྱང་རྒྱག་མཁན་ཡང་གཅིག་ཀྱང་མི་འདུག་ཅེས་མགྲིན་གཅིག་ཏུ་བསྒྲགས། འོན་ཀྱང་ཁམས་ཚན་དགེ་རྒན་དག་གིས་མཚན་རྟགས་རྒྱག་སའི་འགེངས་ཤོག་ལེན་པར་བདེན་པའི་གནས་ཚུལ་ཞིག་རེད།
མཚན་རྟགས་མ་རྒྱག་པའི་རྒྱུ་མཚན་ནི་གྲྭ་བ་རྣམས་སྔ་མ་ལྟར་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་ཞིག་གཏན་མིན་པར་དེང་སང་གཉིད་ལས་སད་རྟགས་མཚན་ངོ་མ་ཞིག་ལ་ངོས་འཛིན་བྱེད་ཆོག ང་ཚོས་ངེས་པར་དུ་ཟམ་གདོང་རིན་པོ་ཆེའང་མིའི་ཤ་ཚུགས་སུ་བྱོན་ཙམ་དགུང་ལོའི་བབ་དང་བསྟུན་དགོས་སྙམ། དེ་ལྟར་བྱེད་ན་ང་ཚོའི་དགྲ་བོ་རྒྱ་གཞུང་གིས་ཀྱང་བཙན་བྱོལ་བོད་གཞུང་གི་བཀའ་ཁྲིར་ལོང་མཁན་གྱི་མི་བུ་རྙིང་པ་དག་རྫོགས་ནས་ད་འཆར་གཞོན་སྐྱེས་དེང་རབས་ཅན་མེད་པའང་དྲན་སྲིད་མདོར་ན་ད་ལྟའི་འཆར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་འཇོན་མིན་གྱི་ཐད་བསམ་ཚུལ་མེད་མོད། ཁོང་ལ་ཨུ་ཚུགས་ཀྱིས་བཀའ་ཁྲི་བཞེངས་བཅུག་པའི་དགོས་པ་གང་ཡང་མ་མཐོང༌།
དེང་གི་དུས་ང་ཚོར་དགོས་ངེས་ཀྱི་བཀའ་ཁྲི་ན་གཞུང་སེམས་དྲང་ལ་དེ་སྔོན་སྤྱི་ཚོགས་ན་རྙོག་གླེང་མེད་མཁན་གྱི་གཞོན་སྐྱེས་ཤིག་འོས་འཚམས་ཡིན། དེ་ཡང་འཛམ་བུ་གླིང་སྤྱིའི་འགྲོ་ལུགས་དང་རྒྱལ་ཕྱིར་ནང་གི་གནས་ཚུལ་དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཤེས་མཁན་ཞིག་ངེས་པར་དགོས་སྙམ།
༡༽ བཙན་བྱོལ་བོད་གཞུང་འདི་ཁྲིམས་མཐུན་མང་གཙོའི་རང་བཞིན་ཅན་ཞིག་ཡིན་ནམ།
༢༽ བཙན་བྱོལ་གྱི་ཁྲིམས་སྲོལ་འདི་གང་ཟག་ལ་ལྟོས་ནས་བསྐྱར་བཅོས་བྱ་ན་འགྲིག་གམ།
༣༽ད་ལྟའི་འཆར་བཙན་བྱོལ་གཞུང་གི་བཀའ་ཁྲིའི་འོས་མི་མ་རེག་པའི་དཀའ་ཚིགས་དེ་འདྲ་འདུག་གམ།
དཔལ་ལྡན་རྡོ་རྗེ་
ལགས་ཀྱིས་འདི་ག་ཤམ་བྷ་ལའི་ཕོ་ཉའི་ཟིན་བྲིས་སུ་བཀོད་པ་ནས་བཏུས།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|
