ང་ལ་འགན་ལྕི་མོ་ཞིག་ཡོད།
མཐའ་མའི་བསྐྱར་བཅོས། (༣༠༢༠༠༨༡༩༤༡) ༣༠༢༠༠༨༡༩༢༥
ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༠ཉིན་སྤེལ། ང་ལ་འགན་ལྕི་མོ་ཞིག་ཡོད། ང་རང༌། ཁྱེད་ཚོ་དང་གཏན་ནས་མི་འདྲ། ངའི་གདོང་རྒྱུད་འདི་གདོད་མ་ནས༌། ཐོག་མ་ནས། ལོ་རྒྱུས་ནས། ཐ་ན་ལུས་གསེང་ན་རྒྱུ་བའི་ཁྲག་དང་ཡ་ཆུང་ན་ལྡིང་བའི་སྙིང་སོགས་ཀྱང་ཁྱེད་ཚོ་དང་གཏན་ནས་མི་འདྲ། གཏན་ནས་མི་འདྲ་བའི་གནས་ལུགས་དེའི་འོག་ན་ང་ལ་འགན་ལྕི་མོ་ཞིག་ཡོད། མ་གཞི་འགན་དེ་ནི་ལོ་རྒྱུས་ཀྱིས་བཞག་པ་ཞིག་རེད། ཡུལ་དུས་ཀྱིས་སྤྲད་པ་ཞིག་རེད། ངའི་རྒྱལ་ཁབ་འདིའི་རྒྱལ་ས་ཤོར་ནས་ལོ་ངོ་ལྔ་བཅུ་འགོར་སོང༌། ངའི་མི་རིགས་འདིའི་རང་དབང་འཕྲོག་ནས་ལོ་ངོ་ལྔ་བཅུ་འགོར་སོང༌། དེ་བས་ང་རང་འདིའི་ཁྲོད་ཀྱི་འཐབ་རྩོད་པ་ཞིག་རང་བཞིན་གྱིས་ཆགས་སོང༌། རིམ་བཞིན་གྱིས་གྲུབ་སོང༌། ང་ཚོས་འཐབ་རྩོད་འདིའི་འགན་འཁྲི་ཐེག་གི་མེད་ཀྱང༌། ཁྱེད་རང་མི་རིགས་ལ་དུངས་ཞེན་ཡོད་མཁན་ཞིག་ཡིན་ན༌། འགན་འཁྲི་དེ་འཁུར་དགོ། ཁྱེད་ལ་འཐབ་རྩོད་འདིའི་དམིགས་ཡུལ་མཁོ་གི་མེད་ཀྱང༌། ཁྱེད་རང་གནས་ལུགས་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་ན། དམིགས་ཡུལ་དེ་ལེན་དགོ། འདི་ནི་ཚེ་སྲོག་མང་བོ་ཞིག་གི་ཁ་ཆེམས་ཡིན། འདི་ནི་མེ་མདའ་དང་སྒྱོགས་མདེལ་གྱི་འོག་ནས་བཞག་པའི་ཁ་ཆེམས་ཡིན། བོད་རྒྱལ་ཁབ་ཀྱི་ཆེད་དུ། བོད་ཕྱི་རབས་པའི་སླད་དུ།
དུས་ཀྱི་ཕོ་ཉ་ནས་དྷ་ས་ནས།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|
