རེ་བ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༣ཉིན། ས་ཡོམ་གྱི་གོད་ཆགས་བྱུང་ཡུལ་སྒ་སྐྱེ་རྒུ་མདོ་ནས་བཙན་བྱོལ་ནང་གི་གཉེན་སྤུན་ལ་བདེ་སྡུག་ངོ་སྤྲོད་བྱས་པའི་གནས་ཚུལ་ལ་གཞི་བཅོལ་ནས་སྨྱུག་མིང་ལ་གནམ་ལྕགས་ཞུ་བས་སྙན་རྩོམ་བྲིས་པ།
རེ་བ།
གངས་ཅན་བོད་ཀྱི་ལྷ་སྐལ།།
སངས་རྒྱས་སྟོང་གི་ཐུགས་སྲས།།
འགྲོ་དྲུག་འདྲེན་པའི་བླ་མ།།
ཡུལ་ཤུལ་བོད་ལ་ཕེབས་རོགས།།
ཤི་སོན་རྣམས་ཀྱིས་རེ་སྒུག།
ཁྱོད་ཀྱི་སྐུ་ཉིད་རེད་བཞག།
དུས་སྐབས་འདི་ལ་ཕེབས་ན།།
བོད་པ་ཚང་གི་དམིགས་ཡུལ།།
ཕྱེད་ཙམ་ཉིད་ནི་འགྲུབ་སྲིད།།
འཛམ་གླིང་བློ་མིག་ཅན་གྱིས།།
བསུས་བའི་མེ་ཏོག་གཏོར་གྱི།།
ང་ཚོ་རེ་འདུན་འགྲུབ་བོ།།
སྤྱིའི་བོད་ཀྱི་མཐོ་སྒང་འདི་ལ།།
གཞི་ཆགས་ནས་ལོ་སྟོང་ཆེས་ཀྱང༌།།
སྔོན་འབྱུང་བཞིའི་གནོད་སྐྱོན་མ་བྱུང༌།།
མདང་དེ་སང་ང་ཡི་ཕ་ཡུལ།།
བཞི་བཅུ་བཞི་ཚེ་གྲངས་དུས་སུ།།
དུས་སྐར་ཆ་མདུན་གྱི་ནང་ལ།།
ས་འགུལ་ཤུགས་གཅིག་གི་འོག་ན།།
སྐྱིད་ལྷ་ཡུལ་གྲོང་ཁྱེར་འདི་ནི།།
མཁར་གྲུ་བཞི་ཐལ་བ་སྒྱུར་ཐལ།།
ཁྱིམ་བཟའ་ཚང་རྩ་མེད་བཏང་ཐལ།།
སྡེ་ཡུལ་ལུང་གཏེར་ཁ་སྦས་ཐལ།།
སྲོག་ཁྲི་ཁྲི་དམྱལ་བའི་ཁྲིད་ཐལ།།
སྐྱབས་དཀོན་མཆོག་བྱིན་གྱིས་གཟིགས་དང༌།།
ཐུགས་བརྩེ་བའི་སྙིང་རྗེས་དང་ནས།།
ནུབ་བདེ་བའི་འཕགས་པའི་ཞིང་ལ།།
དུས་སྐད་ཅིག་ཉིད་ལ་དྲོངས་མཛོད།།
ང་ན་ཟུག་སྤུ་གྲིའི་སོ་ཁ།།
ཡིད་མི་བཟོད་སྐད་ངན་ཤོར་སོང༌།།
རིགས་མཐུན་པའི་འཛམ་གླིང་སྤུན་ཟླ།།
སྡུག་མཉམ་ཁུར་རོགས་སྐྱོར་མཛོད་དང༌།།
སྨྱུག་མིང༌། གནམ་ལྕགས་ཀྱིས།།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|
