འཛམ་གླིང་ཐོག་གི་བོད་དོན་ལས་འགུལ་རིང་ཤོས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༣ཉིན། ད་ལོའི་ཕྱི་ཟླ་༣པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦སྟེང༌། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་དུ་མས་ལག་ཏུ་༼བོད་རང་དབང་༽དང༌། ༼བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དགོས༽་ཞེས་སོགས་བཀོད་པའི་པའི་འཕྲེད་དར་བཟུང་ཞིང༌། ཁ་ནས་རྒྱ་གཞུང་གི་བཙན་གནོན་དབང་བསྒྱུར་ལ་རྒོལ་བའི་སྐད་འབད་བྱེད་ཀྱིན་ནམ་རྒྱུན་ལྟར་མ་གྲོས་བསམ་པ་གཅིག་མཐུན་སྒོས་ཨ་རིའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་མདུན་ཐང་དུ་འདུ་འཛོམས་བྱས་ཡོད་འདུག 

གོང་གི་ལས་འགུལ་དེ་ནི་ཕྱི་ལོ་༢༠༠༨ཟླ་བ་༣པའི་ཚེས་༡༠ནས་འགོ་བཙུགས་ཏེ། རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་འགུལ་སྤེལ་གྱི་ཡོད་པས། འཛམ་གླིང་ནང་བོད་པའི་ངོ་རྒོལ་གྱི་ལས་འགུལ་རིང་ཤོས་ཆགས་ཀྱི་ཡོད་འདུག

འགུལ་ཤུགས་ལྡན་པ་དང་རྒྱུན་ཆད་མེད་པའི་ངོ་རྒོལ་འདི་ལ། བྷོ་སི་ཊོན་བོད་ཀྱི་ཚོགས་པའི་མི་མང་ཚང་མས་རྒྱབ་སྐྱོར་ཐ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་༧གོང་ས་མཆོག་གི་འཁྲུངས་གཟའ་རེས་གཟའ་ལྷག་པ་གཞིར་བཞག་ནས། བོད་ནང་ཡོད་པའི་བོད་མི་ཚོས། བོད་ཆས་གྱོན་པ་དང༌། བོད་སྐད་རྒྱག་པ། བོད་ཟས་མཆོད་པ། ཆོས་ལུགས་ཀྱི་མཛད་སྒོ་བྱེད་པ་བཅས་ཀྱིས་ལྷ་དཀར་སྲུང་བརྩིའི་ལས་འགུལ་འགྲོ་གི་ཡོད་ལ། བོད་ནང་གི་ལྷ་དཀར་སྲུང་བརྩིའི་ལས་འགུལ་དེ་དང། བྷོ་སི་ཊཽན་གྱི་ངོ་རྒོལ་གྱི་ལས་འགུལ་འདི་གཉིས་དབར། ཕན་ཚུན་ཤེས་རྟོགས་མེད་པ་དང༌། ཕན་ཚུན་འབྲེལ་ལམ་སོགས་གང་ཡང་བྱེད་ཐུབ་ཀྱི་མེད་རུང༌། རེས་གཟའ་ལྷག་པ་ནམ་ཡིན་ལ་བྷོ་སི་ཊོན་གྱི་བོད་མི་ཚོས་ལས་འགུལ་འདིའི་རིགས་སྤེལ་དོན་ནི། སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ་འགྲན་ཟླ་བྲལ་བའི་བོད་ནང་གི་བོད་རིགས་སྤུན་ཟླ་ཚོས། རང་སྲོག་དང་འཇིགས་སྐུལ་སོགས་ལ་མ་འཛེམས་པར། རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷ་དཀར་སྲུང་བརྩི་བྱེད་ཀྱི་ཡོད་པ་དེར། རྒྱབ་སྐྱོར་གྱི་རྣམ་པ་དང་ངོ་མཚར་ཆེ་བའི་ལས་དོན་དེའི་རིན་ཐང་དང༌། དེའི་ཆིག་སྒྲིལ་ནུས་པ་གཅེས་སྐྱོང་བྱེད་ཀྱི་ཡོད་པས། ང་ཚོ་ནམ་ཡང་སེམས་ཤུགས་ཆགས་མི་སྲིད་པ་དང་མཐའ་མའི་དགོས་འདུན་དེ་འགྲུབ་ཐུབ་པ་བྱེད་རྒྱུ་དེ་རེད།

ངོ་རྒོལ་འདི་འདྲ་བ་མཐོང་སྣང་ལ་ཆུང་ངུ་ཡིན་རུང༌། ང་ཚོའི་འབད་བརྩོན་རྣམས་འགྱུར་ལྡོག་གི་ཕྱོགས་སུ་འགྲོ་བ་ལ། ལས་འགུལ་འདི་དག་གིས་ནུས་སྟོབས་བསྐྱེད་པ་དང༌། གསོན་ཉམས་སྤྲོད་པར་ཧ་ཅང་གལ་ཆེན་ཆགས་ཡོད་ཅིང༌། ལས་འགུལ་ཆུང་རིགས་རྣམས་ནི། ཁྱད་གསོད་ཀྱི་བལྟ་སྟངས་དེ་རེ་བཟང་ཕུགས་བཅོལ་གྱི་ཕྱོགས་སུ་བརྗེ་བསྒྱུར་བྱེད་པའི་གོ་སྐབས་ཡིན་ལ། འཛམ་གླིང་ཐོག་ཡོད་པའི་བོད་མི་གང་ཞིག་ལས་འགུལ་ཐོག་ཏུ། དེ་ཙམ་རྒྱུས་མངའ་དང་དངོས་སུ་བརྒྱུད་མི་མྱོང་མཁན་རྣམས་ལ། མཐུན་ཕྱོགས་དང་གསར་གཏོད། ཐོན་སྐྱེད་ཀྱི་ལས་འགུལ་བཅས་བརྗེ་རེས་བྱེད་ཐུབ་ངེས་ཡིན་ཞིང༌། ལས་འགུལ་འདིར་ཕྱོགས་ལྷུང་གི་གཞི་རྟེན་བྱེད་མི་རུང་བར་སྤོབས་པས་གཞི་རྟེན་བྱེད་དགོས། མི་རྟུལ་ཕོད་ཅན་གྱི་གཏོར་བཤིག་གི་གཞི་རྟེན་བྱེད་མི་རུང་བར་ཐོབ་ཐང་སྲུང་པའི་རྔམ་སྟོན་གྱི་གཞི་རྟེན་བྱེད་དགོས། རང་ཉིད་ཀྱི་ལྟ་བ་ཁོ་ན་གཞི་འཛིན་གྱི་གཞི་རྟེན་བྱེད་མི་རུང་བར་ཕྱི་ཕྱོགས་དྲང་བདེན་ལ་སྲུང་སྐྱོབས་ཀྱི་གཞི་རྟེན་བྱེད་དགོས།

འབད་བརྩོན་གྱི་ལས་དོན་འདིས། ངོ་རྒོལ་བྱེད་སའི་ས་ཆ་རྣམས་རྒྱུན་ལྡན་མ་ཡིན་པའི་ཐོག་ནས་ས་རྟགས་ཀྱིས་ཆ་བགོས་བྱས་ཤིང༌། ལང་ཚོ་དར་ལ་བབས་པའི་བུ་དང་བུ་མོ་ཚོའི་ལག་ཐོགས་ཁ་པར་ནང་སྐད་ཆའི་སྒྲ་ཡང་ནས་ཡང་དུ་གོ་རྒྱུ་ཡོད་པ་དེ་ནི། གཅིག་བྱས་ན་འདུ་འཛོམས་ཀྱི་དུས་ཚོད་བཟོ་བཞིན་ཡོད་རུང༌། བོད་པའི་ངོ་རྒོལ་གྱི་ཕྱོགས་སུ་སླེབས་སྐབས་ཚང་མས་མིག་ཧྲིག་ཧྲིག་གིས་བལྟས་ནས་བསྡད་པ་ལས། འཆར་འགོད་ལྟར་རང་རང་གི་ལམ་བུ་བརྒྱུད་ནས་འགྲོ་དབང་མེད་པ་ཆགས་ཀྱི་ཡོད།

                                                                                                                                 བློ་བཟང་སེངྒེས་བརྩམས།  

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ད་ལོར་ངོས་ཀྱང་བྷོ་སི་ཏྲོན་ལ་བསྡད་པ་ཡིན། སྐབས་དེ་དུས་མི་རྒན་ཞིག་དང་འཕྲད་སོང་ཁོང་ནས་གསུང་དོན་ལ་༢༠༠༨ ནས་བོད་ཞི་བའི་ངོ་རྒོལ་བྱས་ནས་བཟུང་སྟེ་ཁོ་རང་ཚོ་བོད་རིགས་ཁ་ཤས་ཞིག་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་བྷོ་སི་ཏྲོན་མངའ་སྡེའི་རྒྱལ་ས་མི་མང་འདུ་འགོད་ཆེ་བའི་ས་ཆ་ཞིག་ལ་འཛོམས་ནས་བོད་དོན་ཁྱབ་སྒྲག་དང་། བོད་རིགས་རྣམས་ནས་བོད་ཆས་བོད་སྐད་རྒྱག་ཞིང་། མ་ཟད་སྒྲོལ་མ་དང་རྒྱལ་བའི་ཞབས་བརྟན་སོགས་འདོན་གྱི་ཡོད་ཟེར། པ་ལགས་དེ་དང་ངོས་གཉིས་འབྲེལ་བ་ཆེན་པོ་བྱུང་སོང་ཁོ་རང་ཞལ་འདོན་གནང་མཁན་གྱི་དབུ་མཛད་རེད་འདུག ང་ཚོའི་ཁོ་རང་གི་མཚན་ལ་རང་བཙན་པ་ལགས་ཞུ་གི་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།