རང་ཉིད་བྱ་སྒོང་མ་ཡིན་པ་ཞིག་ཏུ་བསྒྱུར་ཨེ་ཐུབ་བལྟ་དགོས།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༢ཉིན། སྔོན་མ་ཡིན་ན་ཨ་རི་སོགས་ནས་བོད་རང་བཙན་གླེང་བ་རེད། ད་ལོ་ཨ་རིའི་སྲིད་འཛིན་གྱིས་བོད་རྒྱ་ནག་ཆ་ཤས་སུ་བརྩིས་ནས་སྐད་ཆ་རེ་ཤོད་ཀྱིན་འདུག ད་རིམ་གྱིས་འཛམ་གླིང་བོད་དོན་རྒྱབ་སྐྱོར་བ་ཡོད་ཚད་ཀྱིས་བོད་རྒྱ་ནག་གི་ཆ་ཤས་སུ་ཁས་བླངས་པ་འདྲ་བོ་རེད། འདིའི་ཐད་ལ་རྒྱ་ཁབ་དེ་དག་ལ་ངན་ཁག་འགེལ་རྒྱུ་མ་ཡིན་པར་བོད་རང་གིས་ཕར་ལ་སྐད་ཆ་དེ་བསྐྱལ་ནི་རེད། ནམ་ཞིག་རང་སྲིད་རང་སྐྱོང་གི་དོན་དུ་རྡ་རམ་ས་ལ་ནས་གངས་སེང་གི་དར་ཆ་ཕབ་དགོས་པའམ་ཡང་ན་སྐར་ལྔའི་རྒྱ་དར་འཛུག་དགོས་རྒྱུ་རེད། ཐད་ཀར་དུ་བལྟས་ན་དེ་ལྟ་བུ་ཞིག་ཡིན་པ་གོ་མི་འོང་ཡང༌། འདི་ལྟར་འགྲོ་དགོས་པའི་མཇུག་འབྲས་ལ་ཧོབ་ཀྱིས་བལྟས་ན་དེ་ལྟར་ཡིན་ངེས། སྔོན་མའི་བོད་རྒྱལ་ཁབ་ཆེན་མོའི་དཔང་རྟགས་ཡོད་ཚད་ལོ་ངོ་ལྔ་བཅུའི་ཕམ་ཉེས་ནང་ནས་འཁྲིམས་འགུལ་དུ་བོད་རང་གིས་བརྩི་དགོས་པར་གོར་མ་ཆག་གོ། ད་དུང་བོད་རང་བཙན་ལ་བསྲན་བཙུགས་ན་རེད། རྒྱ་གར་སོགས་གཙོས་པའི་སྔོན་མར་རང་བཙན་ལོ་ག་ཙམ་ལ་བརྩད་པ་བདག་དབང་གཞན་དུ་ཤོར་ནས་ག་ཙམ་ལ་བསྡད་པ་རེད།
བོད་རང་བཙན་གྱི་མདུན་ལམ་ནི་བྱ་སྒོང་བྲག་ལ་བརྡབས་པ་ལྟ་བུ་ཞིག་ཡིན་དུས། བོད་ཀྱི་རང་སྲིད་རང་སྐྱོང་ཡང་བྱ་སྒོང་བྲག་ལ་བརྡབས་པ་ལྟ་བུ་ཞིག་ཡིན་པ་སྨོས་མེད་རེད། གཉིས་ཀ་རྒྱ་ནག་གིས་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཁས་ལེན་གྱིན་འདུག ད་ཡང་ཅ་དམའ་རུ་གཏོང་དགོས་རྒྱུ་རེད་དམ། ཕ་རོལ་བོ་བྲག་ཡིན་མིན་འདང་བརྒྱག་པ་ལས་རང་བྱ་སྒོང་མ་ཡིན་པ་ཞིག་ཏུ་བསྒྱུར་ཨེ་ཐུབ་བལྟ་དགོས་པ་མ་ཡིན་ནམ། འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ལམ་ཁ་འདི་བརྒྱུད་ནས་འོང་བ་རེད། མང་མོས་བྱེད་དགོས་ན་བོད་ནང་གི་ན་གཞོན་དག་གིས་བོད་རང་བཙན་བརྩོན་གྱིན་ཡོད་པ་རེད། འོན་ཀྱང་རང་སྲིད་རང་སྐྱོང་གི་གསུང་འདི་ཡིད་བཞིན་ནོར་བའི་ཞལ་ལས་བུད་སྟབས་ཡེ་ཤེས་ཀྱི་དབྱིངས་ལས་གཟིགས་པ་རྒྱ་ཆུང་རྒྱུ་མ་རེད་འདོད་པ་ཙམ་ལས། མི་རང་ག་བ་ཞིག་གིས་རང་སྲིད་རང་སྐྱོང་ལབ་ན་ཕལ་ཆེར་ཧྲིལ་བོར་འཐོབ་དགོས་པ་ཞིག་ཕྱེད་ཀར་བཏང་བ་དང་ཕྱེད་དེ་ཡང་ཕྱེད་ཀར་འགྱུར་ཉེན་འདུག་པས་རྩ་བ་ནས་ཁས་ལེན་གི་མ་རེད།
རྩོམ་པ་པོ་༼བོད་ཡུལ་ནས་༽ཞེས་པའི་བསམ་ཚུལ་ལས།
ཁྱེད་ཀྱི་བསམ་ཚུལ་བྲིས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|
