ང་ཚོས་རང་བཙན་བརྩད་པས་ན་དགོས་བ་གང་ཡོད།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༦ཉིན། ལོ་རྒྱུས་ཐོག་ང་ཚོ་རང་བཙན་གྱི་རྒྱལ་ཁབ་ཡིན་ལ་མངའ་ཐང་དང་སྟོབས་ཤུགས་ཆེན་པོ་ཡིན་པ་རྒྱ་ནག་ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ནང་གསལ་བོ་ཡིན་པ་རྒྱ་ནག་དབུས་གཞུང་ལ་འགྲེལ་བཤད་གསལ་བོ་རྒྱག་མི་དགོས་པར་རྒྱ་ནག་རང་ངོས་ནས་ཤེས་རྟོགས་ཐུབ་ཡོད། དེས་ན་ང་ཚོས་ལོ་རྒྱུས་རང་བཞིན་ཅན་གྱི་མི་རིགས་འཐབ་རྩོད་བྱེད་པ་ལ་ཕྱོགས་ཡོངས་ནས་བསམ་གཞིགས་བྱེད་དགོས་ལ། དེ་ནི་དུས་རབས་ཀྱི་མིའི་དགོས་མཁོ་བླ་ན་མེད་པ་ཞིག་རེད། རྒྱལ་ཁབ་རང་བཙན་ནི་མི་རིགས་རང་ཉིད་ཀྱི་གནད་དོན་དང་མི་རིགས་རང་ཉིད་ཀྱི་ཆབ་དཔལ་རིག་གསུམ་གྱི་སྟོབས་ཤུགས་ལ་བརྟེན་ནས་ལེན་དགོས་བ་ཞིག་ཡིན། འོན་ཀྱང་དེང་གི་ང་ཚོའི་ཆབ་དཔལ་རིག་གསུམ་ནི་རྒྱ་ནག་སྐམ་ས་ཆེན་པོ་དང་བསྡུར་ན་བྱ་སྒོང་རྡོ་ལ་བརྡབས་པ་དང་འདྲ་མཚུངས་ཡིན། ཕྱོགས་གཞན་ཞིག་ནས་བསམས་ན་དུས་རབས་འདིའི་ནང་འཛམ་གླིང་གི་ཁ་ཕྱོགས་དང་རྒྱལ་སྤྱིའི་འབྲེལ་ལམ་ཞིག་ངེས་བར་དུ་དགོས་ལ་གལ་ཏེ་འཛམ་གླིང་སྟེགས་བུ་ན་མིང་གི་མཚན་མ་ཡང་མེད་ན་འཛམ་གླིང་དང་དེང་རབས་ཀྱི་རྗེས་མ་ཟིན་པ་ནི་བཤད་མ་དགོས་རེད་ང་ཚོས་ཁ་ཚ་དགོས་གཏུགས་ཀྱིས་བསམ་བློ་བཏང་ན་རང་བཙན་རྩོད་བྱེད་པ་ལས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་བརྩད་ན་ཁྱབ་རྒྱ་དང་དགོས་མཁོ་ཆེ་བར་མཐོང་བ་དང༌། ད་དུང་དབུ་མིའི་ལམ་ནས་བོད་རྒྱ་གཉིས་འགལ་བ་མ་ཤོར་བའི་ཐོག་གྲུབ་འབྲས་ཤིག་བྱུང་ན། ང་ཚོ་ལ་ཕན་ཐོག་ཆེ་བ་ཡོད། མཐར་གཏུགས་ན་ང་ཚོའི་ཆབ་དཔལ་རིག་གསུམ་གྱི་ནུས་ཤུགས་ཆུང་ཆུང་འདིས་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་བསྲུང་བྱེད་མི་ཐུབ་པ་གསལ་བོ་ཡིན་པས། ང་ཚོར་མ་འོངས་བར་རྒྱ་ནག་ལ་བརྟེན་དགོས་བ་མ་ཟད། ང་ཚོ་ལ་རྒྱ་ནག་དགོས་མཁོ་ཆེ་བ་རེད།དེ་བས་ང་ཚོས་རྒྱ་ནག་གི་ཚོང་ལས་དཔལ་འབྱོར་དང་རྒྱ་ནག་གི་ལག་རྩལ་བཟོ་གྲྭ་ཁག་དང་མཉམ་འབྲེལ་བྱེད་དགོས་ལ། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱི་དང་འཛམ་གླིང་གར་སྟེགས་སུ་འགྲོ་རྒྱུ་གྲ་སྒྲིགས་ཕྱོགས་ཡོངས་ནས་དགོས་བ་མ་ཟད་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལམ་ལུགས་དེ་ང་ཚོ་ལ་ཡང་ཐོབ་དགོས་བའི་འབོད་སྐུལ་དང་རེ་བ་ཞུ་དགོས་ཤིང་དེ་ལྟར་མ་འོངས་བའི་བོད་ཀྱི་འཁོར་ཡུག་ལ་བསམ་ཞིབ་བྱས་ཚེ་ང་ཚོས་རང་བཙན་བརྩད་པས་ཁེ་བཟང་ཇི་ཡོད་བཤད་ཚོད་མི་ཐུག
རྭ་རྒྱ་འཕྲིན་ལས།
| བརྗོད་གཞི་གཞན་ཁག་ལ་གཟིགས། |
|---|
|

ང་ཚོ་ལ་ཡོད་པའི་ནུས་པ་ནི་ལོ་རེ་བཞིན་ཡ་རྒྱས་འགྲོ་བཞིན་ཡོད་དེ། གཞོན་སྐྱེས་རྣམས་རྒྱལ་ཞེན་གྱི་བསམ་པ་ལོ་རེ་བཞིན་ཇེ་ཆེ་འགྲོ་བའི་དན་རྟགས་སུ་༢༠༠༨ལོར་ས་བྱིས་ཞི་རྒོལ་ནང་མཉམ་ཞུག་རྣམ་ཁན་མང་ཆེ་བ་སྐར་ལྔ་དར་དམང་འོག་ནས་ཚར་ལོང་བྱུང་བའི་གཞོན་སྐྱེས་རྣམས་ཡིན་པ། རྒྱ་དམར་གྱིས་དུས་རྒྱུན་དུ་བོད་ཀྱི་སྤྱི་ཚོགས་རྙིང་པའི་ལོ་རྒྱུན་རྫུན་མ་འུ་སྒྲོགས་བྱེད་བཞིན་པ་རྣམས་ལ་ལོ་རེ་ནས་ལོ་རེ་་བཞིན་རྫུན་རྐུབ་དོན་བཞིན་པ་དང། དངོས་ཡོད་བོད་ཀྱི་སྔོན་ཆད་ཀྱི་ལོ་རྒྱུས་རྣམས་འཛམ་གླིང་འདིའི་སྟེང་ཇེ་གསལ་དང་བོད་མི་རྣམས་ཀྱིས་གོ་རྟོགས་ཇེ་ཟབ་དུ་འགྲོ་བཞིན་པ། བོད་མི་རྣམས་སྔོན་ཆད་དང་མི་འདྲ་བ་དུས་རབ་དང་མཐུན་པའི་སློན་སྦྱོང་གི་གོ་སྐབས་ཐོབ་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་པ། བོད་མི་རྣམས་ལ་རྒྱལ་ཁབ་གཞན་སུ་ལ་ཡང་མེད་པའི་དབུ་ཁྲིད༧གོང་ས་མཆོག་ཡོད་པར།
རང་བཙན་ཤོར་བའི་རྒྱལ་ཁབ་སུ་ལ་ཡང་ཡོད་མ་མྱུང་བས་ཚག་སུ་ཚུད་པའི་སྐྱབས་བཅོལ་གྱི་གཞུང་བཟང་པོ་ཞིག་ཡོད་པར། འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་སྨོན་ཤོར་ཡུལ་གྱི་རིགས་གཞུང་ཐེག་པ་ཆེ་ཅུང་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བསྟན་པ་སྤུས་གཙང་ཞིག་ཡོད་པར།
འཁོར་ཡུག་གི་ཆ་ནས་ཨེ་ཤ་ཡའི་དཀྱིལ་འཁོར་འདིའི་གལ་གནད་ཆེ་ཤིང་མི་འབོར་ས་ཡ་མང་པོའི་གཏུང་ཆུའི་འབྱུང་ཁུང་ཡིན་པར།
སོགས་ཤིན་ཏུ་མང་བས་སོ།་ གྲོགས་པོ་སེམས་ཤུགས་མ་ཆག་ལོ། བོད་རང་བཙན་། བོད་རྒྱལ་ལོ། རང་ཉིད་ཀྱིས་འབད་དགོས་པ་ལས་མི་གཞན་དང་རྒྱལ་ཁབ་གཅིག་པུ་ལ་ལག་པ་ཀྱང་ནས་སྡོད་མི་ཉན་ཡ།