བོད་མི་ལོ་གསར་ཅན་ཚོ་གཞིས་ལུས་བོད་མིའི་རེ་བ་སྟོང་ཟད་མ་གཏོང་།

ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༢ཚེས་༦ཉིན། བོད་ཀྱི་ལོ་གསར་ཤར་ཉེ་ཡོད་པའི་མཚམས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལབ་གླེང་མི་འདྲ་འགའ་ཤས་བྱང་དང་འབྱུང་བཞིན་ཡོད་པ་དང༌། བཙན་བྱོལ་བོད་གཞུང་གི་བཀའ་དྲུང་ཡིག་ཚང་གི་ངོས་ནས་༢༠༠༨ལོ་ནས་ད་ལྟའི་བར་གྱི་གཞིས་ལུས་བོད་མིའི་གནས་སྟངས་ལ་གཟིགས་ནས་ལོ་གསར་སྐབས་དབུས་དང་ས་གནས་གཞུང་ཞབས་སྲི་ཞུ་ཡོངས་ནས་ལོ་གསར་སྲུང་བརྩི་ཆེད་གཞུང་འབྲེལ་གྱི་སྲོལ་རྒྱུན་མཆོད་འབུལ་ཙམ་ལས། དགའ་དགའ་སྤྲོ་སྤྲོ་ངང་གཞས་སྣ་དང་ཐུགས་སྤྲོ་གཏོང་བ་སོགས་མི་ཡོང་བའི་སྐུལ་ཁྱབ་གནང་ཡོད།

དེ་བཞིན་གཞིས་ལུས་བོད་མི་མང་པོ་ཞིག་ནས་ཟླ་གཉིས་ཙམ་སྔོན་ནས་བོད་མི་ཚོས་དེ་སྔ་བོད་མི་དཔའ་བོ་དཔའ་མོ་ཚོའི་ལུས་སྲོག་རང་རིགས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ལེགས་གཅེས་སུ་ཕུལ་ཟིན་ནས་དུས་ཡུན་རིང་པོ་སོང་མེད་པ་དང༌། ད་དུང་རང་རིགས་སྤུན་ཟླ་སྟོང་ཚོ་མང་པོ་རྒྱ་དམར་ཀླ་ཀློའི་མནར་གཅོད་མུ་མཐུད་མྱོང་བཞིན་པ། ཟླ་ཤས་སྔོན་བོད་མི་བཞི་ལ་དངོས་སུ་དམར་གསོད་བཏང་བ་སོགས་གཞི་ལུས་བོད་མིས་མྱངས་དང་མྱོང་བཞིན་པའི་ཆེས་སྡུག་རྩུབ་སྟེ། བཙན་དབང་གིས་འཛིན་བཟུང༌། བཙོན་འཇུག དམར་གསོད་དང་དྲག་གནོན། ཚད་ལས་བརྒལ་བའི་བཅར་རྡུང༌། བོད་མི་གར་སོང་ཆ་མེད་བཅས་ཀྱི་གནས་སྟངས་ལ་གཟིགས་ནས་ལོ་གསར་མ་གཏོང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

ཕྱོགས་གཞན་ནས་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ནས་གོང་གི་ཡ་ང་བའི་གནས་སྟངས་གཏན་བརྗེད་ལྟ་བུ་བྱས་པ་དང༌། ད་དུང་དེའི་ཚབ་ཏུ་ང་ཚོ་བོད་མི་ཡིན་པས་ལོ་གསར་གཏོང་དགོས་ཟེར་བ་དང༌། འཛམ་གླིང་མི་མང་ལ་ང་ཚོའི་ལོ་གསར་ནི་རྒྱ་ནག་གི་ལོ་གསར་ལས་ཆེས་ཐ་དད་དུ་ཡོད་པ་གསལ་སྟོན་དགོས། དེ་ཡང་རིག་གཞུང་ཆ་ནས་མི་འདྲ་བ། གོམས་གཤིས་དང་ཆས་གོས། སྲོལ་རྒྱུན་བཅས་ཀྱི་ཆ་ནས་མི་འདྲ་བ་ཡོད་ཚུལ་དང༌། ད་དུང་ལོ་གསར་གཏོང་དགོས། རྒྱུ་མཚན་ནི་ང་བོད་ལ་དགའ་ཞེས་བརྗོད་ཀྱི་ཡོད་པ་རེད། དེ་ལ་བལྟས་ན་ལོ་གསར་སྐབས་སྲོལ་རྒྱུན་གྱི་མཆོད་འབུལ་ཙམ་མིན་པར་གཟབ་འཆོར་སྤྲས་ཏེ་དགའ་དགའ་སྤྲོ་སྤྲོ་བྱེད་དགོས་པ་མ་ཟད། སྲོལ་རྒྱུན་སྤྲོ་སྐྱིད་དང་རྩེད་གར་རོལ་བ་སོགས་དགོས་པ་འདྲ་བོ་གསལ་སྟོན་བྱེད་ཀྱི་འདུག

བོད་ཀྱི་ནང་བསྟན་ཆོས་རིག་ནི་དེང་གི་འཛམ་གླིང་ཐོག་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ྋགོང་ས་མཆོག་དང་བོད་མིའི་བླ་སྤྲུལ་དགེ་བཤེས་རྣམ་པའི་བཀའ་དྲིན་སོགས་ལ་བརྟེན་ནས་འཛམ་གླིང་སྤྱིའི་ཁྱད་ནོར་ལྟ་བུར་སྤྱི་ཡོངས་ནས་ངོས་འཛིན་ཐོབ་ཡོད་ལ། ད་དུང་དེའི་ཐོག་བཟང་ཕྱོགས་ཀྱི་ནུས་སྟོབས་འཕེལ་རྒྱུ་ནི་ཚོད་དཔག་ཐུབ་པ་ཞིག་རེད། དེར་བརྟེན་གོང་གསལ་གཞུང་འབྲེལ་མིན་པའི་ཚོགས་པ་ལོ་གསར་ཅན་དེ་ཚོས་བོད་ཀྱི་ཆོས་རིག་གི་ཐོག་ནས་ཡོངས་ཁྱབ་དང་གསལ་སྟོན་བྱེད་རྒྱུར་ནུས་པ་ཐོད་པ་ཡོད་པ་ཞིག་ཡོད་རྒྱུ་མ་རེད་སྙམ།

འོན་ཀྱང་ཁོང་རྣམ་པས་གནང་བའི་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ཁག་ལ་དེ་སྔ་ཡང་བསྔགས་འོས་པ་ཞིག་ཡོད་ལ། ད་དུང་དེ་དག་གི་ཐོག་ཤུགས་བསྣོན་བསྐྱོན་ན་དངོས་གནས་གྲུབ་འབྲས་ངེས་ཅན་ཐོན་སྲིད། དེ་ལས་ལྡོག་སྟེ་རྒྱུ་མཚན་ཡར་རེ་ཡོར་རེ་དང་ཁྱ་རེ་ཁྱོ་རེ་འགའ་འབྲངས་ཏེ་ལོ་གསར་བཏང་ན་གཞིས་ལུས་བོད་མིའི་རེ་བ་སྟོང་ཟད་དང་ཁོང་རྣམ་པར་བློ་ཕམ་ཡོང་གཞི་དང་སེམས་ཤུགས་ཆགས་གཞི་ཞིག་འགྱུར་ངེས་རེད།

བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ནས་བོད་ལ་མི་དགའ་མཁན་གཅིག་ཀྱང་ཡོད་མི་སྲིད་པས་བོད་ལ་དགའབའི་དབང་གི་ལོ་གསར་གཏོང་དགོས་ན་༢༠༠༨ལོར་ཡང་ལོ་གསར་གཏོང་དགོས་པ་ཁྱེད་ཚོས་ཤོད་ཕོད་དམ། བོད་ཀྱི་ལོ་གསར་དེ་རྒྱ་ནག་གི་ལོ་གསར་ལས་ལོགས་སུ་ཡོད་པས་ལོ་གསར་གཏོང་དགོས་པ་རྒྱུ་མཚན་ཡང་དག་ཡིན་ན་ཁྱེད་ཚོས་དུས་ནམ་ཡང་ལོ་གསར་གཏོང་དགོས་པ་འདོད་དམ་ཞེས་པ་དྲི་བ་དེ་ཚོ་སེམས་ལ་ཆར་མ་ཐུབ་པ་གང་ཡིན། དེར་བརྟེན་ཁྱེད་རྣམ་པས་དེ་སྔའི་གཞི་རྒྱ་ཆེ་བ་དང་ཕན་ནུས་ལྡན་པའི་བོད་དོན་གྱི་ལས་འགུལ་དེ་དག་མཇུག་སྐྱོང་གནང་སྟེ་ཐེངས་འདིའི་ལོ་གསར་གྱི་ལས་འགུལ་དེ་ཕྱིར་འཐེན་གནང་ན་དགེ་མཚན་ཆེ་བ་ཡོད་པ་སྙམ།

ཡེ་ཤེས་ཆོས་བཟང་གིས་བྲིས། རྩོམ་ཡིག་འདི་རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་ལས་གསར་ཁང་གི་ལྟ་ཚུལ་མཚོན་གྱི་མེད་པས་དགོངས་འཇགས་ཞུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༣༢༠༡༠༡༧༣༣
ལོ་རེ་ནས་ལོ་རེར་ལོ་སར་མི་གཏོང་། ལོ་རེ་ནས་ལོ་རེར་དོན་ཡང་མི་འགྲུབ། ཁ་རོག་གེར་བསྡད་ནས་ཅི་བྱེད། རྩེད་ཡང་རྩེད་ལ།
2 ༠༧༢༠༡༠༢༠༣༢
ལོ་གསར་མ་གཏང་ནས་ཕན་ཞིག་ཡོད་ན། བོད་རང་བཙན་མ་རག་བར་དུ་མ་གཏོང་ཡང་ཆོག འོན་ཀྱང་་་་ལོ་གསར་ཕར་ཞོག་བོད་མི་ཡོངས་རྫོགས་ཟས་བཅད་བསྡད་ཀྱང་རྒྱ་ནག་ལ་ལྟོས་དང་། ཕན་ཐོགས་ཡོད་ས་རེད་དམ། དེ་ལས་ལོ་གསར་སྐྱིད་ཐག་ཆོད་ཅིག་གཏོང་དང་ཡག་ཤོས་རེད།
ཁྱེད་ལྟར་བྱས་ན་བོད་ལ་རང་བཙན་ནམ་ཡང་ན་རང་སྲིད་རང་སྐྱོང་མ་རག་གི་བར་དུ་ལོ་གསར་གཏོང་མི་ཆོག་པ་ཤོད་ཀྱི་ཡོད་དམ། གང་ལྟར་ཐེངས་འདིའི་་ལོ་གསར་མ་བཏང་ན་ཡག་པོ་ཡོད་ས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།