ཐོག་མར་ཁོང་གིས་མཛད་པའི་དག་ཡིག་གསར་སྒྲིག་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་ཐད་ཀུན་ལ་ལེགས་སྐྱེས་བླ་ན་མེད་པ་བཞག་

དུས་ཚོད་གཉན་ཕྲང་ཅན་ཅན་དེ་ལྟ་བུའི་ནང་དག་ཡིག་སྤུས་ལེགས་དེ་འདྲ་ཞིག་བརྩམས་གནང་ཐུབ་པའི་ཁོང་གི་ལྷག་བསམ་དང་ཐུགས་སྟོབས་ལ་གུས་པས་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་བླ་མེད་དུ་ཆེ་ཞེས་ཞུ་བ་དང་སྦྲགས། བླ་ན་མེད་པའི་རྗེས་སུ་ཡི་རངས་ཀྱི་བསྔགས་བརྗོད་གྲངས་མེད་ཞུ་རྒྱུ་ཡིན། ང་ཚོས་སློབ་གྲ་ཆུང་འབྲིང་ཆེ་གསུམ་གང་གི་སྐབས་སུ་ཡང་ཁྱེད་ཀྱི་བརྩམས་གནང་བའི་དག་ཡིག་འདི་མེད་དུ་མི་རུང་བའི་ལག་ཆ་ཞིག་ལྟ་བུར་བེད་སྤྱོད་བྱ་མྱོང་ཡོད་པས་ཁྱེད་རྩོམ་པ་པོ་མཁས་དབང་ཁོང་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་འདོད་བྱུང་། ཞར་དུ། བཀའ་འདྲི་ཞུ་རྒྱུར། ཞེ་ཤིན་ཞེས་པའི་མཚན་འདི་ཡུལ་གྱི་མིང་ངམ་ཡང་ན་རུས་མིང་ཞིག་ཡིན་ནམ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དག་ཡིག་གསར་བསྒྲིཊ་རྩོམ་སྒྲིག་མཛད་མཁན་གྱི་ལོ་རྒྱུས།"བརྗོད་གཞི་གཞན་ཁག་ལ་གཟིགས།