ཕྱོགས་གང་དུ་འགྲོ་དགོས་སམ།

སྨ་བརྗོད་རང་དབང་དང་གཏམ་རང་དབང༌། དེ་བཞིན་གསར་འགོད་རང་དབང༌། ཆོས་དད་རང་དབང་དང་སྐད་ཡིག་རང་དབང༌། རིག་གཞུང་དང་ཕོ་མོ་འདྲ་མཉམ་རང་དབང་སོགས་ཡུལ་གྲུ་སོ་སོའི་ཁྲིམས་ལུགས་ལ་བསྟུན་པ་དང༌། དེ་བཞིན་ནུབ་ཕྱོགས་དང་ལྷོ་ཤར་ཨེ་ཤི་ཡ། ཞི་བདེ་རྒྱ་མཚོའི་ཁུལ་སོགས་སུ་གོང་གསལ་རྣམས་ལ་གོ་དོན་འགྲེལ་ལུགས་ལ་མི་འདྲ་བ་འདུག ཁྱད་པར་དུ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྐོར་སོགས་ལའང་གླིང་ཕྲན་དང༌། ཡང་ན་མང་གཙོ་དང་དམར་ཤོག་གི་ཡུལ་གྲུའི་དབར་གོ་བ་ལེན་སྟངས་ཁྱད་པར་ཆེན་པོ་འདུག དེར་བརྟེན་སུས་འགྲེལ་བ་དེར་འགྲིག་པ་དང་མ་འགྲིག་པ་འཇོག་ཐབས་མེད། གང་ལྟར་བོད་མིས་ནུབ་ཕྱོགས་པའི་ཕྱོགས་སུ་བསྐྱོད་པ་འདྲ་བོ་འདུག་ཟེར་མཁན་མང་བ་ཡོད་པ་རེད།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ནང་སྨྲ་བརྗོད་རང་དབང་སྐོར་གྱི་རྒྱལ་སྤྱིའི་ལས་འགུལ།"



བརྗོད་གཞི་གཞན་ཁག་ལ་གཟིགས།