གཞིས་ལུས་བོད་མིའི་ཆོད་སེམས།

༿࿉༾ དམ་བཅའ། མདོ་ལྷོ་ཁུལ་ཨ་མཆོག་ཡ་རུ་རྒྱུད་ནས་སྐྱེས་པའི་རྟ་མགྲིན་ཚེ་བརྟན་ལགས་ཀྱིས་ད་ནས་བཟུང་འཆི་རེག་གི་བར་དུ་བོད་མི་ས་ཡ་དྲུག་གི་ནང་དུ་རྐྱེན་དང་དཀའ་ངལ་ཅི་བྱུང་ཡང''ནང་འཛིང''མི་བྱེད་པ་དང་། སྒོས་སུ་འཁྲུག་རྩོད་དང་འགྲིམ་འགྲུལ་སོགས་ཀྱི་དབང་གིས་རང་ངམ་ཤ་མཆེད་ཀྱི་བུ་དང་ཉེ་འབྲེལ་གང་གི་ཚེ་སྲོག་འཕྲོག་པ་དང་། རྨས་སྐྱོན་ཕོག་པ་སོགས་ལ་ཁོན་འཛིང་བྱེད་པ་དང་རྒྱུ་འབྲས་སྣོག་པ་སོགས་གཏན་ཏུ་སྤངས་ཤིང་། དེ་མ་ཟད་ལོ་གཅིག་གི་ཟླ་ངོ་བཅུ་གཉིས་ཀྱི་ཡར་ངོ་ཧྲིལ་བོ་དང་གདུང་མཆོད་ཉིན་བཅུ་གསུམ་ལ''དཀར་ཟས''རྐྱང་བ་བྱེད་པའི་དམ་བཅའ་བཞག ཁོ་རང་ད་ལྟ་རང་ལོ་ཞེ་གཉིས་ཡིན་ལ༿ཁོར་ཡུག་སྲུང་སྐྱོབ་ཚོགས་པ༾དང་དེ་མིན༿བསྟན་འཛིན་བྱམས་བརྩེ་ཚོགས་པ༾ད་དུང༿གཞན་ཕན་ཀུན་སྣང་ཚོགས་པ༾བཅས་ཀྱི་ཚོགས་མི་ཡིན་ལ། ཁོང་གི་ཤུགས་རྐྱེན་འོག་ནས་བཟའ་ཟླ་ལྷ་མོ་སྐྱིད་ཀྱིས་ཀྱང་ཚེ་གང་བོར་གྱོད་དང་ཁ་མཆུ་གཏན་དུ་སྤངས་ཤིང་། སྒོས་སུ་ཚེ་གང་བོར''དུས་ཆེན་དཀར་ཟས་རིང་ལུགས''ལ་གནས་པར་དམ་བཅས། དེ་མིན་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་ལྷ་མོ་སྐྱབས་དང་། འགབ་མའི་རྟ་མགྲིན་ཚེ་བརྟན། བསྟན་འཛིན་བྱམས་བརྩེ་ཚོགས་པའི་ཚོགས་མི་རྟམ་གོ་དང་། གདུགས་དཀར་སྐྱབས། མགོན་པོ་ཚེ་བརྟན་བཅས་ཀྱིས་ཀྱང་ཚེ་གང་བོར་བོད་མིའི་ནང་ཁུལ་དུ''འཁྲུག་རྩོད''མི་བྱེད་པ་དང་ཟླ་གཅིག་གི་ནང་ཚེ༡དང་ཚེ༨ཚེ༡༥སོགས་ལ་ཤ་ཚེ་གཅོད།དེ་མིན་ལོ་རེར་བླ་བྲང་ནས་སྟོང་མཆོད་འཛིན་བཞིན་སོགས་གྱི་དམ་བཅའ་བཞག་པ་སོགས་ནི་ང་ཚོས་ཇི་སྲིད་དུ་མིག་ལྟོས་དང་དྲིལ་བསྒྲགས་བྱ་དགོས་སོ།། ཕན་ཚུན་ལ་བརྒྱུད་བསྐུར་གནང་རོགས་ཞུ་ཟེར།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་རིགས་འབྲོག་པ་ཞིག་གི་མི་ཚེ།"



བརྗོད་གཞི་གཞན་ཁག་ལ་གཟིགས།