འབྲི་རུ་མི་མང་གི་དམ་བཅའ།

སྤྱིར་ན་འབྲི་རུ་རྫོང་ཁོངས་དུ་ན་ནིང་ཉིས་སྟོང་དྲུག་ལོ་སྲམ་གཟིགས་ལྤགས་པ་མེ་བསྲེགས་པ་སྟེ་མི་གྱོན་པའི་དམ་བཅའ་བཞག་ནས་བཟུང་མི་གཅིག་གི་གྱོན་མྱོང་མེད། ད་ལོ་སྟེ་ཕྱི་༢༠༡༣ལོཟླ༦ཚེས༢༡ཉིན་འབྲི་རུ་རྫོང་ཁོངས་ ཆགས་རྩེ་ཡུལ་ཤོག་གྲོང་ཚོ་དང་པོའི་བུད་མེད་རྣམས་ཀྱི་རང་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཡོངས་བའི་ཆེད་དུ་དམ་བཅའ་ཞིག་བཞག་འདུག། གཅིག་ ཕྲུག་གུ་འགོག་པའི་ཁབ་དང་སྨན་མི་སྤྱོད་པ།། གཉིས་ རང་ཆས་ལས་གཞན་ཆས་མི་གྱོན་པ་སྟེ་ ཕྱུ་པ་ཕུ་མེད་གཙོ་བྱས་པའི་གོས་འདྲ་མིན་ཐམས་ཅད་མེ་སྲེག་འདུག། གསུམ་ སྐྲ་དང་གདོང་ལ་མཚོན་སྣ་ཚོགས་མི་བྱུག་པ་ལ་སོགས་ པའི་དམ་བཅའ་མང་པོ་བཞག་འདུག། རང་མི་རིགས་ཀྱི་ཕུགས་བསམ་གི ་དོན་དུ་ཐུགས་ཁུར་དང་རྒྱབ་བསྐྱོར་གནང་མཁན་བུད་མེད་ སྙིང་སྟོབས་ཅན་དང་།ལ་རྒྱ་ཅན།མི་རིགས་ཀྱི་འདུ་ཤེས་ལྡན་པ་འདི་རྣམས་པ་འདྲ་བ་དེ་སྔོན་ང་ཚོ་ལ་ཆེས་དཀོན་པོ་ཡིན། མ་འོངས་པ་ང་ཚོ་ཚང་མའི་ཁོངས་རྣམས་པ་ནང་བཞིན་དམ་བཅའ་འདི་ཆོལ་གསུམ་གྱི་བུ་མོ་ཡོངས་ཀྱིས་འཇོག་ཐོབ་ན། ང་ཚོ་བོད་པ་ལ་བོད་པའི་བུ་མོ་དངོས་ནས་ཞིག་དང་གངས་རི་ལ་གངས་རིའི་སྲས་མོ་དྭངས་མ་ཞིག་འཁྲུངས་ཐོབ་ངེས་ཡིན།། མི་དབང་གཙན་པོས་ཁྲིམས་ཀྱི་མིན་ལ།། མི་འཇོན་སྟོང་འདྲོག་བྱེད་པ་མིན།། མི་རིགས་ཤིག་གི་འདུན་ལམ་ཆེད་དུ།། མི་འགྱུར་སྙིང་གི་དམ་བཅའ་ཡིན།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "འབྲི་རུར་འཛིན་བཟུང་མུ་མཐུད་བྱེད་བཞིན་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།