ཐུགས་རྗེ་གཟིགས།

གཤམ་གསལ་གནས་ཚུལ་འདིའི་རིགས་ལམ་སང་གང་སར་མ་གཏོང་རོགས། ཐུགས་རྗེ་གཟིགས། འདི་འདྲ་འབྱོར་བ་དང་དང་པོར་ཁུངས་བཙལ་ནས་ཁ་གསལ་བྱུང་རྒྱུ་གལ་ཆེ། ཁྱི་དང་གློ་བ་འཕྲད་པ་ནང་བཞིན་བྱས་ན་འགྲིག་གི་ཡོད་མ་རེད། གནས་ཚུལ་རྫུན་མ་འགའ་ཞིག་ལ་དམིགས་ཡུལ་ཞིག་ཡོད་རེད། ང་ཚོས་ག་ས་གང་ལ་བཀྲམས་ནས་འ་འུར་ཟང་ཟིང་བྱས་ན་ཁོང་ཚོའི་དམིགས་ཡུལ་ལ་རམ་འདེགས་བྱས་པ་མ་ཡིན་ནམ། ཚེས་༡༠ ཉིན་གྱི་ཤིང་ཧ་རྒྱ་ཡིག་གསལ་འགྱུར་དང་། དབྱིན་ཡིག་གསར་འགྱུར་གང་དུ་ཡང་ཞེན་ཆེན་ཧྥེན་གྱི་སྐོར་གཤམ་གསལ་འདི་འདྲ་ཞིག་རྩ་ནས་མེད་པས། ངེས་པར་གཟབ་དགོས་སོ།། ཁྱེད་རང་གིས་ཡི་གེ་ཞིག་བཏང་བར་དཀའ་ཁག་གང་ཡང་མེད་མོད། ཆབ་སྲིད་ཀྱི་ངོས་ནས་སྐབས་རེར་ནོར་འཁྲུལ་ཚབ་ཆེན་བཟོ་གྱིན་ཡོད་པས་ཐུགས་རྗེ་གཟིགས། ཡིག་འཁྱམ་ལ་གཟབ་རོགས། དེ་རིང་གང་སར་བཀྲམ་བཞིན་པའི་གནས་ཚུལ་གཤམ་དུ་བཀོད་ཡོད། ད་ལྟ་རང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་རྒྱ་གྲོས་མོལ་མགྱོགས་པོ་བྱེད་འདོད་ཡོད་ཅེས་དང་། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ནི་གཅིག་གིས་གཅིས་ལ་གཉའ་གནོན་བྱེད་རྒྱུའི་དུས་རབས་ཤིག་མིན་པར་ངོས་འཛིན་ཡོད་པའི་ཐོག བོད་མི་རིགས་འདི་ཡང་རྒྱ་མི་རིགས་དང་གཅིག་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་ཡོད་དགོས་ངེས་ཤིག་ཏུ་མཐོང་གི་ཡོད་ཅེས་གསུངས་ཡོད་པ་རེད། ད་དུང་ཁོང་གིས་གསུང་དོན་འདས་ཟིན་པའི་ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་ཀྲུང་དབྱངས་ནས་བོད་ཞི་བའི་གཅིང་གྲོལ་བཏང་བ་ནས་བཟུང་བོད་རྒྱ་མི་རིགས་དབར་ཕན་ཚུན་རོགས་རོམ་དང་གཅིག་ཕན་གཅིག་གྲོགས་མང་པོ་བྱུང་ཡོད་ལ། མ་འོངས་པར་ཡང་སྔོན་ལས་ལྷག་པའི་འཁྱམ་མཐུན་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཅེས་དང་། ཕྱིར་རྒྱལ་དུ་ཡོད་པའི་བོད་རིགས་སྶུན་ཟླ་ཡོངས་རྫོགས་ཕྱིར་རང་ཡུལ་དུ་ཕེབས་པར་དགའ་བསུ་ཡོད་ལ། འཛམ་གླིང་ཡོངས་ཀྱིས་བརྩི་ཡུལ་༧གོང་ས་རྒྱལ་བ་རིན་པོ་ཆེ་ལ་བརྩི་འཇོག་ཡོད་ལ་ཁོང་གིས་བཏོན་པའི་གཉིས་ཕན་དབུ་མའི་ལམ་ལ་མོས་མཐུན་ཡོད་པ་མ་ཟད་མི་རིགས་གཉིས་ཀར་ཕན་ཐོག་ཡོད་པ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་གསུངས། གནས་ཚུལ་འདི་ཤིང་ཧ་གསར་ཁང་ནས་ 2013 ཟླ་བདུན་པའི་ཚེས་ 10 ཉིན་ཐོན་པ་ཞིག་རེད་འདུག ཁྱེད་རང་གིས་གོང་གསལ་གནས་ཚུལ་བཏང་ཡོད་རིགས་རྣམས་ལ་སླར་ཡང་འདི་སྐུར་རོགས་ཞུ་ཞུ།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ལྷ་ས་ནས་ཡུལ་ཤུལ་བར་གྱི་མགྲོན་འཁོར་ཤར་གཏོང་།"



བརྗོད་གཞི་གཞན་ཁག་ལ་གཟིགས།