དྷ་ས་མི་མང་དཔེ་མཛོད་ཁང་བསྐྱར་དུ་སྒོ་འབྱེད་བྱས་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༩ཉིན། ཟླ་འདིའི་ཚེས་༢༦ཉིན་དྷ་ས་མི་མང་དཔེ་མཛོད་ཁང་དེ་བསྐྱར་དུ་སྒོ་འབྱེད་བྱས་ཡོད་པ་ཐོས་འཕྲལ། འདི་ག་གསར་ཁང་གི་གསར་འགོད་དཔེ་མཛོད་ཁང་དེ་གསར་འཛུགས་གནང་མཁན་བསྟན་འཛིན་ཆོས་དབྱིངས་ལགས་སུ་བཅར་འདྲི་བྱེད་དུ་ཕྱིན་པ་ཡིན།

བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་དྷ་སའི་མི་མང་དཔེ་མཛོད་སྐོར་ངོ་སྤྲོད་གནང་དོན། དྷ་ས་མི་མང་དཔེ་མཛོད་ཁང་ནི་ཕྱི་ལོ་༢༠༠༨ལོའི་ཟླ་༩པའི་ནང་གསར་འཛུག་བྱས་པ་དང་བར་སྐབས་ཞིག་ལ་སྒོ་རྒྱབ་དགོས་བྱུང་པ་རེད།   ཡང་གཞོན་སྐྱེས་ལྷག་བསམ་ཅན་འགའ་ཞིག་གིས་དཔེ་མཛོད་ནི་སྤྱིར་བཏང་དགོས་མཁོ་ཆེན་པོ་མཐོང་ནས་དམིགས་བསལ་ཚོགས་ཆུང་ཞིག་གསར་འཛུག་བྱས་ནས་གོང་གསལ་དཔེ་མཛོད་དེ་བསྐྱར་འཛུགས་བྱས་པ་རེད། ཚོགས་ཆུང་དེ་རྒྱ་གར་རྩོམ་པ་པོ་དང་ཨ་རི་སློབ་ཕྲུག་སོགས་སུ་འབྲེལ་བ་བྱས་ནས་གསར་འཛུགས་བྱས་པ་ཡིན།

འབྲེལ་བ་བྱེད་མཁན་བོད་ཁྱིམ་རྒན་དོན་འགྲུབ་ཚེ་རིང་དང་ཚོགས་གཙོ་བསྟན་འཛིན་ཆོས་དབྱངས། བུ་ཆུང་ལགས། བསྟན་འཛིན་བརྩོན་འགྲུས་སོགས་ཡིན། ཁོ་ཚོས་དྷ་ས་མི་མང་དཔེ་མཛོད་ཁང་གསར་འཛུགས་བྱས་པའི་དམིཊ་ཡུལ་ནི་དྷ་སའི་སྲང་ལམ་དུ་གཞོན་སྐྱེས་མང་པོ་ཞིག་འཁྱམ་བསྡད་ཀྱིན་ཡོད་པ་དེ་དག་གིས་དཔེ་ཀློག་བྱས་ནས་ཡར་རྒྱས་གཏོང་ཐབས་སུ་དམིཊ་པ་ཞིག་དང༌། དེང་སང་དྷ་སར་སྒེར་པ་དག་གིས་དབྱིན་སྐད་དང་དབྱིན་ཡིག་གི་འཛིན་གྲྭ་བཙུགས་ནས་མང་ཚོགས་ལ་ཤེས་ཡོན་སྤྲོད་ཐབས་བྱེད་ཀྱིན་ཡོད་པ་དེ་དག་ལ་དབྱིན་དེབ་སོགས་ཀྱི་ཆ་རྐྱེན་ཞན་པས། ཁོ་ཚོའི་དགོས་མཁོ་ལ་ཕན་ནུས་སྒྲུབ་པ་ཞིག་ཡིན། དཔེ་མཛོད་འདིའི་ནང་དཔེ་དེབ་༡༠༠༠༠ལྷག་དང་ལྟད་མོའི་ཀློག་དེབ་༡༠༠༠༠ལྷག་ཡོད། ཅེས་འགྲེལ་བརྗོད་གནང་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།