བོད་དོན་རྒྱབ་སྐྱོར་བ་ཇི་ཁོ་སི་རུའུ་སལ་ལ་བཅར་འདྲི།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༧ཉིན། འདི་གའི་གསར་ཁང་གི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་ལགས་ནས་ཇི་ཁོ་སི་རུའུ་སལ་ལགས་ཀྱི་དྷ་རམ་ས་ལ་དང་གཞན་ཡང་ས་ཕྱོགས་གང་སར་སྤྱི་ཚོགས་སུ་ལས་དོན་ཁག་ལ་རྒྱུས་ལོན་དང་བཅར་འདྲི་བྱས་པ་ཞིག་དང་། རུའུ་སལ་ལགས་ནི་ཕྱི་ལོ་༡༩༥༠ཙམ་ནས་བོད་པའི་རིགས་གཞུང་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་རེད་འདུག་

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༧ཉིན། འདི་གའི་གསར་ཁང་གི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་ལགས་ནས་ཇི་ཁོ་སི་རུའུ་སལ་ལགས་ཀྱི་དྷ་རམ་ས་ལ་དང་གཞན་ཡང་ས་ཕྱོགས་གང་སར་སྤྱི་ཚོགས་སུ་ལས་དོན་ཁག་ལ་རྒྱུས་ལོན་དང་བཅར་འདྲི་བྱས་པ་ཞིག་རེད། རུའུ་སལ་ལགས་ནི་ཕྱི་ལོ་༡༩༥༠ཙམ་ནས་བོད་པའི་རིགས་གཞུང་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་དང༌། ལྷག་པར་ཕྱི་ལོ་༡༩༩༧ལོར་ཁོང་ཉིད་ཐེངས་དང་པོ་དྷ་རམ་ས་ལར་ཕེབས་སྐབས། ཁོང་ཉིད་དེ་ལས་ཀྱང་འགྲོ་བ་མིའི་རིགས་ལ་འཁྲིའི་འོས་འགན་ལ་ལྷག་པར་དོན་སྣང་ཆེན་པོ་སླེབས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་པའི་རྩ་དོན་ལ་ཕན་པའི་ལས་ཀ་བྱ་རྒྱུར་འགོ་བརྩམས།

དེ་ཡང་ཁོང་ཉིད་ཐེངས་དང་པོར་རྒྱ་གར་དུ་ཕེབས་སྐབས་བོད་ཕྲུག་ཁྱིམ་སྡེའི་ཕྲུ་གུ་ཚོ་དང་དམིགས་བསལ་འབྲེལ་བ་དང༌། ཁོང་རང་ཉིད་ཀྱིས་དྭ་ཕྲུག་ཁང་ཞིག་གསོ་སྐྱོང་བྱས། དེ་ཡང་ཁོང་གིས་བརྗོིད་དོན༼ང་རང་བོད་ཕྲུག་ཁྱིམ་སྡེའི་བྱིས་པ་དེ་ཚོ་ཐུག་སྐབས་ང་ཚོ་ཕན་ཚུན་ལྷན་དུ་ཡོད་པའི་ཚོར་བ་ཞིག་གིས་སེམས་ལ་ཡོངས་སུ་སྤྲོ་བས་ཁེངས་ཀྱི་འདུག གང་ཡིན་ཟེར་ན། ང་ཚོའི་ཐུན་མོང་གི་གནས་སྟངས་ཞིག་གི་རྐྱེན་པས་ཁོང་ཚོ་འདི་ལྟར་གནས་དགོས་པ་ཤེས་ཀྱི་ཡོད།༽ཟེར།

གཞན་ཡང་དྷ་རམ་ས་ལར་བོད་པའི་སྤྱིར་བཏང་གི་རིག་གཞུང་ཁག་དང་འབྲེལ་བ་ཟབ་མོ་གྱུར་ཅིང༌། ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་རིང་བོད་པའི་རིག་གཞུང་ལ་རྒྱུས་ལོན་བྱས་པ་བརྒྱུད་ཁོང་རང་ཉིད་ལ་གོ་རྟོགས་གསར་པ་ཞིག་སླེབས་ཀྱི་འདུག་ཟེར།

དེ་ནས་བཟུང་ཁོང་གིས་བོད་པའི་རྩ་དོན་ལ་དོ་སྣང་དང་བོད་པའི་སྤྱི་ཚོགས་སུ་སྤྱི་བཏང་གི་ལས་འཆར་འདྲ་མིན་སྤེལ་འགོ་བརྩམས་པ་དང༌། ལྷག་པར་དུ་ཁོང་གི་ཁེ་ན་ཌ་རུ་མ་འོངས་བོད་པའི་ཤེས་ཡོན་སྐོར་རྒྱབ་སྐྱོར་བྱ་རྒྱུའི་ལས་འཆར་ཞིག་དང༌། དེ་བཞིན་ཁོང་ཉིད་ཕྱི་ལོ་༡༩༩༩ལོར་དྷ་རམ་ས་ལར་ཕེབས་པ་ནས་བཟུང་ཁོང་གིས་༼བོད་པའི་ཁྲོམ་ར༽ཟེར་བ་གཉེར་བཞིན་ཡོད་འདུག

རུའུ་སལ་ལགས་ཀྱིས་༼བོད་པའི་ཁྲོམ་ར་༽ཟེར་བ་ཡོད་ཚད་ལ་བོད་མིའི་འཚོ་བ་དང་རིག་གཞུང་འགྲེམས་སྟོན་དང༌། བོད་པའི་ཁ་ལག དེ་བཞིན་བོད་པའི་སྒྱུར་རྩལ་ལས་རིགས་སོགས་ངོ་སྤྲོད་དང་ཞབས་ཞུ་བྱེད་ཀྱི་ཡོད་འདུག

རུའུ་སལ་ལགས་ཀྱིས་འགྲོ་བ་མིའི་བདེ་རྩའི་ལས་དོན་འདི་ནི་དངུལ་གྱི་ཁེ་བཟང་ཡོད་པ་ཞིག་མིན་རུང༌། གལ་སྲིད་ངས་མི་གཞན་ལ་རོགས་པ་མ་བྱས་པ་ཡིན་ན་སེམས་ལ་བདེ་སྐྱིད་ཡོང་གི་མ་རེད། མི་ཚོས་༼དངུལ་གྱི་བདེ་སྐྱིད་ཉོ་ཐུབ་ཀྱི་མ་རེད་༽ཟེར་བའི་དཔེ་ལྟར་རེད་ཟེར། ཁོང་རང་ཉིད་ཀྱི་བསམ་བློའི་ལྟ་ཚུལ་ནི་རྒྱུ་ནོར་ཟེར་བ་དེ་གཞན་ལ་གཏོང་ཕོད་མེད་ན་སྙིང་པོ་གང་ཡང་མེད་པ་ཞིག་ཏུ་འདོད་ཀྱི་འདུག

ཁོང་ལ་ཁྱེད་ཀྱིས་དེ་ལྟར་བུའི་གཞན་ལ་རོགས་རམ་བྱེད་དགོས་དོན་སྐོར་འདྲི་སྐབས། ཁོང་གིས་གལ་སྲིད་ངས་དེ་ལྟ་བུའི་གཞན་ལ་རོགས་རམ་བྱེད་ཐུབ་པ་ཡིན་ན་སེམས་པ་སྐྱིད་པོ་འདུག གལ་སྲིད་ང་རང་སེམས་པ་སྐྱིད་པོ་ཆགས་པ་ཡིན་ན། རང་ཉིད་དེ་ལས་ཀྱང་མི་བཟང་པོ་དང་དྲང་བདེན་ཞིག་ཆགས་ངེས་རེད་ཅེས་གསུངས་བྱུང༌།

ཁོང་ལ་བོད་པའི་སྤྱི་ཚོགས་ནང་ཆ་མ་ཚང་བའི་རིགས་གང་ཞིག་མཐོང་གི་ཡོད་མེད་སྐོར་དྲིས་དུས། ཁོང་གིས་དེ་ནི་མགོ་རྙོག་ཚ་པོ་ཞིག་རེད། ངའི་སྒེར་གྱི་ལྟ་ཚུལ་ཡིན་ན་གནས་ཚུལ་ཆུང་ཆུང་ཞིག་མཐོང་གི་འདུག ངའི་བསམས་པར་བོད་པའི་སྤྱི་ཚོགས་ནང་ཁག་གསུམ་ཙམ་འདུག ཚོང་པ་དང་བཙན་བྱོལ་སྤྱི་ཚོགས། དེ་བཞིན་དགོན་པ་བཅས་རེད། དགོན་པ་དེ་ཚོ་ཡིན་ན་ཚོང་ལས་ཏོག་ཙམ་ཡག་པོ་ཡོད་པ་རེད། རྒྱུན་དུ་ངས་གྲྭ་པ་དེ་ཚོ་ཁ་ཧྥི་ཇ་ཁང་ནང་ལག་ཁྱེར་ཁ་པར་བཟུང་ནས་བསྡད་པ་མཐོང་དུས་དེ་ནི་གྲྭ་པ་ཚོར་མཚོན་ན་ཚུལ་མཐུན་གྱི་མི་ཚེའི་འགྲོ་སྟངས་ཤིག་མ་རེད་དྲན་གྱི་འདུག ཁོང་ཚོས་གཞན་ལ་རོགས་རམ་བྱེད་དགོས་ཀྱི་ཡོད་པ་རེད་ཟེར།

ཁྱེད་རང་གི་བསམས་པར་གྲྭ་པ་དེ་ཚོར་བརྩེ་དུང་དང་ཆབ་སྲིད་ཚན་རྩལ་སོགས་དགོས་ཀྱི་མ་རེད་དྲན་གྱི་འདུག་གམ་ཞེས་དྲིས་དུས། ཁོང་གིས་དེ་འདྲ་དྲན་གྱི་མི་འདུག་ཁོང་ཚོ་ལའང་དེ་དག་དགོས་ཀྱི་ཡོད་པ་རེད། འོན་ཀྱང་ཁོང་ཚོས་གཞན་ལའང་བགོ་འགྲེམས་སམ་མཉམ་སྤྱོད་བྱེད་དགོས་ཀྱི་ཡོད་པ་རེད། ཁོང་ཚོ་ཧ་ཅང་སྤྱང་པོ་ཡོད་པ་རེད། འོན་ཀྱང་ངའི་བསམས་པར་ཁོང་ཚོས་མི་གཞན་སྐྱོ་པོ་དེ་ཚོར་རོགས་རམ་བྱེད་དགོས་ཀྱི་ཡོད་པ་རེད། དེ་ནི་གཞི་རྩའི་བྱམས་སྙིང་རྗེ་ཞིག་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་མ་འོངས་པར་མི་ཚང་མ་གཅིག་གྱུར་དུ་ཆགས་ངེས་རེད།

ཡིན་ད་ཡིན། བོད་པའི་གྲྭ་པ་དེ་ཚོ་སློབ་གྲྭ་དང་སློབ་ཁྲིད་བྱེད་ས་དེ་འདྲར་འགྲོ་དགོས་ཀྱི་ཡོད་པ་རེད། གལ་སྲིད་སློབ་གྲྭ་དེ་ཚོའི་ནང་གྲྭ་པ་དང་བཙུན་མ་ཚོས་ནང་ཆོས་སློབ་ཁྲིད་མ་བྱས་པ་ཡིན་ན། མ་འོངས་པར་ནང་ཆོས་རྒྱུན་གནས་གང་འདྲ་བྱེད་ཐུབ་ཀྱི་རེད་དམ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༢༢༠༡༠༠༨༤༢
ཁྱེད་དྲ་ཚིག་ནང་གི་ཡི་གེ་མང་པོ་ཞིག་མཐོང་བར་དཀའ་ལས་ཆེ་གི ཞལ་འདེབས་གནང་ས་ཅེས་པ་དེས་ངོ་གཡོལ་འདུག་པས།  དེ་མེད་པ་ཞིག་མ་བྱས་ན་གསར་འགྱུར་ཡོངས་རྫོགས་མཆོང་མི་ཐུབ་བོ།



བརྗོད་གཞི་གཞན་ཁག་ལ་གཟིགས།