འདྲ་མཉམ་འབྱུང་གནས་ཞེས་པའི་སྤྱི་ཚོགས་ཞབས་ཞུའི་ལས་འཆར་གསར་བ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༢༧ཉིན། འདྲ་མཉམ་འབྱུང་གནས་ཞེས་པའི་ཨ་རིའི་ཁེ་མེད་ཚོགས་ཞིག་གིས་དེང་གི་ཆར་བཞུགས་སྒར་དྷ་སའི་བོད་རིགས་ན་གཞོན་སྐྱབས་བཅོལ་བ་རྣམས་ལ་ལས་འཚོལ་གྱི་ཟབ་སྦྱོངས་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུའི་ལས་འཆར་ཞིག་འགོ་ཚུགས་འདུག་ཅིང༌། འདི་ག་གསར་ཁང་གིས་ཚོགས་པ་དེའི་བོད་མི་ལས་འཆར་བ་ཚེ་རིང་བསྟན་འཛིན་ལ་བཅར་འདྲི་བྱས་པ་བརྒྱུད་ཚོགས་པའི་ལས་གཞི་ལས་འཆར་ཁག་རྒྱུས་ལོན་རག་ཙམ་བྱུང་སོང༌།

ཐོག་མར་ད་ལྟ་ཁོང་ཚོས་གཉེར་བཞིན་པའི་ལས་ཀ་དེའི་སྐོར་ངོ་སྤྲོད་རོབ་ཙམ་ཞིག་གནང་རོགས།

གཙོ་བོ་དེ་ད་ལྟ་ཧེ་ཀྲིས་དང་ལོ་ཡེ་གཉིས་པོ་རེད། མ་ཚད་ཁོང་ཚོའི་ཚོགས་པ་ཞིག་ཡོད་པ་རེད། བཙན་བྱོལ་བོད་མི་དང་དེ་ག་ནང་བཞིན་སྐྱབས་བཅོལ་དུ་ཡོད་པའི་བུད་མེད་དང་གཞོན་སྐྱེས་རྣམས་ལ་རོགས་པ་བྱ་རྒྱུའི་སྐོར་དེ་རེད་འདུག གཙོ་བོ་ལས་ཀ་དེ་གློག་ཀླད་ཀྱི་སྒང་ནས་རེད། ད་ལྟ་ཁོང་ཚོས་ལས་ཀ་དེའི་སྐོར་སྦྱོང་བརྡར་དེ་འདྲ་སྤྲོད་བཞིན་ཡོད་པ་རེད།

དྲི་བ། ད་ལྟ་ཁྱེད་རང་ཚོ་ཚོགས་པའི་ངོས་ནས་མི་ག་ཚོད་ལ་སྦྱོང་བརྡར་སྤྲོད་བཞིན་ཡོད་དང༌། དེ་བཞིན་ཚོགས་པ་དང་སློབ་མ་དེ་དག་གི་འཚོ་བའི་ཐད་ཡིན་ན་འདྲ་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་གང་འདྲ་ཡོད་པ་མིན་ནམ།

དྲིས་ལན། ལས་དོན་དེའི་སྐོར་དེ་བོད་པའི་སྤྱི་ཚོགས་སུ་ཡིན་ན་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། མ་འོངས་པ་ཁོང་ཚོའི་འབྲེལ་བ་བྱེད་སྟངས་ལ་བལྟས་པ་ཡིན་ན་དམིགས་ཡུལ་རྒྱ་ཆེན་པོ་ཞིག་རེད་འདུག ད་ལྟ་ང་ཚོས་ཁྱོན་སློབ་སྦྱོང་སྤྲོད་ས་མི་༢༠ནང་ནས་༡༠བདམས་ནས་དེ་ཚོར་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད། གལ་སྲིད་ད་ལྟ་ཡོད་པའི་མི་༡༠དེར་གཞིར་བཞག་ནས་ཡག་པོ་ཞིག་བྱུང་བ་ཡིན་ན། མ་འོངས་པར་བོད་པའི་སྤྱི་ཚོགས་སུ་གཞིས་ཆགས་ཁག་ཚང་མའི་ནང་ཁྱབ་རྒྱུའི་རེ་བ་འདྲ་པོ་ཞིག་ཡོད་པ་རེད།

དྲི་བ། གལ་སྲིད་ལས་དོན་དེ་རྒྱ་ཆེན་པོ་ཞིག་ཆགས་སོང་བ་ཡིན་ན། ང་ཚོའི་བོད་པའི་སྤྱི་ཚོགས་སུ་ཕན་ཐོག་གང་འདྲ་ཞིག་ཆགས་ཀྱི་ཡོད་པ་ཡིན་ནམ།

དྲིས་ལན། གཙོ་བོ་བོད་གཞུང་ལ་ཕན་དེ་འདྲ་ཐོགས་ཀྱི་རེད་ཅེས་ངས་ཞུ་ཐུབ་ས་མ་རེད། འོན་ཀྱང་བོད་པ་མི་རེ་ངོ་རེར་བརྒྱ་ཆ་བརྒྱ་ཕན་དེ་འདྲ་ཐོགས་ཀྱི་རེད། དཔེར་ན་ཁོང་རང་གི་འཚོ་བ་གནས་སྟངས་ཡིན་ན་འདྲ་ཕྱོགས་གང་ཅིའི་ཐད་ནས་ཕན་ཐོགས་ཀྱི་རེད་བསམས་ཀྱི་འདུག གང་ཡིན་ཟེར་ན་དེ་ལ་ཤེས་བྱ་ཡོན་ཏན་ཆེན་པོ་དེ་འདྲ་དགོས་ཀྱི་ཡོད་པ་མ་རེད། དུས་ཚོད་ཉུང་ཉུང་ཞིག་གཏོང་ནས་ལས་ཀ་བྱེད་རྒྱུ་དེ་རེད། དེའི་ཐོག་ནས་ཁོང་ཚོར་དངུལ་ཡོང་བབ་ཆེན་པོ་ཆགས་ཀྱི་འདུག་བསམས་ཀྱི་འདུག

དྲི་བ། ལས་འཆར་དེ་ཚོ་དང་ཕར་ཕྱོགས་ནས་ལས་ཀ་ཚུར་སྤྲོད་སྟངས་དེ་ཚོར་གང་འདྲ་ཡིན་ནམ།

དྲིས་ལན། ཚོགས་པ་དེ་ཨ་རི་ནས་རེད། ཨ་རིའི་ནང་ལ་བཟོ་གྲྭ་དེ་འདྲ་མང་པོ་ཞིག་ཡོད་དུས་ཁོ་རང་ཚོའི་ལས་ཀ་དེ་ཚོ་ཕྱོགས་གང་སར་བཀྲམས་ནས། དཔེར་ན། རྒྱ་གར་ནང་ཡིན་ན་ཀ་ལི་ཀ་ཏ་དང་ལྷོ་ཕྱོགས་དེ་ཚོར་འདུག འོན་ཀྱང་བོད་པའི་སྤྱི་ཚོགས་ནང་ལ་ཡིན་ན། ད་ལྟ་དྷ་རམ་ས་ལ་འདིར་ཐེངས་དང་པོ་རེད། དེ་འདྲ་ཡིན་དུས་ཁོང་ཚོའི་སྔོན་ལ་འབྲེལ་ལམ་དེ་ཧེ་ཀྲིས་ཀྱི་འགོ་ཁྲིད་པའི་ཚོགས་པ་དེས་དངུལ་གཏོང་ནས་ང་དང་འབྲེལ་བ་བྱེད་བཞིན་ཡོད་པ་རེད། དངུལ་དེ་ཨ་རིའི་སྒྲོ་ལར་གཞི་བཞག་ནས་ཡིན་པ་རེད། དངུལ་དེ་ཕ་ཕྱོགས་གཞིར་བཞག་དེ་འདྲ་རག་གི་ཡོད་པ་མ་རེད་དེ། རྒྱ་གར་ནང་ལ་བརྩིས་པ་ཡིན་ན་གང་ལ་གང་འཚམ་ཞིག་ཏུ་ཆགས་ཀྱི་ཡོད་པ་རེད།

དྲི་བ། སློབ་མ་དེ་ཚོ་ཁོར་ཚོར་སློབ་སྦྱོང་ཐོབ་ཚར་རྗེས་ལས་ཀ་ག་རེ་བྱ་དགོས་པ་རེད། དེ་བཞིན་ད་ལྟ་ཟབ་སྦྱོང་ག་རེ་ག་རེ་སྤྲོད་བཞིན་ཡོད་པ་རེད།

དྲིས་ལན། ཟབ་སྦྱོང་ནི་ཚང་མ་གློག་ཀླད་སྒང་ནས་རེད། གློག་ཀླད་ནང་ནས་ཡི་གེ་ཡར་མར་འགྱུར་བ་གཏོང་རྒྱུ་དང༌། དེ་བཞིན་གློག་ཀླད་ནང་ནས་ཤོག་བྱང་(card)དེ་འདྲ་བཟོ་རྒྱུ་སོགས་རེད། དཔེར་ན་ཡི་གེ་སོགས་ཕྱོགས་སྒྲིག་བྱ་རྒྱུ་དེ་འདྲ་རེད། ཁོང་ཚོར་དུས་ཚོད་ཁོམ་གྱི་མེད་དུས་ང་ཚོས་དུས་ཚོད་གཏོང་ནས་ལས་ཀ་བྱེད་དགོས་པ་དེ་འདྲ་ཞིག་རེད།

དྲི་བ། ཟབ་སྦྱོང་དང་ལས་ཀ་དེ་བྱེད་པར་སློབ་མ་ཚོར་ཤེས་ཚད་གང་འདྲ་ཞིག་དགོས་ཀྱི་ཡོད་པ་ཡིན་ནམ།

དྲིས་ལན། གློག་ཀླད་ཀྱི་ཤེས་ཚད་དེ་ཉུང་མཐར་ཁོང་ཚོར་དམའ་རིམ་གྱི་ཚད་གཞི་དེ་འདྲ་ཡོད་ན་འགྲིགས་ཀྱི་རེད། གཙོ་ཆེ་ཤོས་དེ་དབྱིན་ཡིག་ཡག་པོ་ཤེས་དགོས་ཀྱི་ཡོད་པ་རེད། དབྱིན་ཡིག་ཡག་པོ་ཤེས་པ་ཡིན་ན། ཁོང་ཚོས་ཚུར་ལེན་སྟངས་དང་ཕར་རྒྱག་སྟངས་སོགས་ལ་ཕན་ཐོག་ཆེན་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་གཙོ་ཆེ་ཤོས་དེ་དབྱིན་ཡིག་དང་གློག་ཀླད་རེད། འོན་ཀྱང་དྲ་རྒྱས་པོ་དེ་འདྲ་དགོས་ཀྱི་ཡོད་པ་མ་རེད།

དྲི་བ། ད་ལྟ་ལས་ཀ་འགོ་ཚུགས་ཚར་བ་རེད་དམ།

དྲིས་ལན། ད་ལྟ་ལས་ཀ་དངོས་སུ་དེ་འགོ་ཚུགས་རྒྱུ་རེད། ད་ལྟ་ཁོང་རང་ཚོའི་སྦྱོང་བརྡར་དེ་ཚར་བ་ཡིན་ན། གཞི་ནས་ཕར་ཕྱོགས་ནས་ལས་ཀ་རག་དུས་ཚུར་གཏོང་གིན་གཏོང་གིན་བྱེད་ཀྱི་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།