འདྲ་མཉམ་གྱི་་ཆཱན་དང་རྒྱལ་ས་ལྷ་སའི་དབར་གྱི་གནའ་རིག་དང་ཁྱད་ཆོས།

བོད་མི་ཚོའི་ཚོར་སྣང་དུ་ཆབ་སྲིད་ཀྱི་ཐད་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་མིན་གྱི་གནད་དོན་གཅིག་པུར་མིན་པར་ཡུལ་གཉིས་དབར་གནའ་རིག་དང་ཁྱད་ཆོས་ཀྱང་མི་འདྲ་བ་དེ་ལས་མང་བ་ཡོད། བོད་ལ་རྒྱ་ནག་དང་ཆེས་ལོགས་སུ་གྱུར་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས། སྐད་ཡིག་དང་ལོ་རྒྱུས་ཀྱང་ཡོད་ལ། རྒྱ་རིགས་ལ་མཚོན་ནའང་རང་ཉིད་རྒྱ་རིགས་ཡིན་པའི་མཚན་ཉིད་ཅིག་དང༌། བོད་མི་ཚོར་རང་ཉིད་བོད་པ་ཡིན་པའི་གོ་དོན་གཞན་ཞིག་ཡོད་པ་དེས་རང་བཞིན་གྱིས་མི་རིགས་དེ་གཉིས་ངོ་བོ་ཐ་དད་དུ་མཐོང་ཐུབ། དེ་ནི་ཕྱོགས་གཉིས་ཀས་སོ་སོའི་ལོ་རྒྱུས་ནང་འགྲེལ་བརྗོད་བྱས་པའི་གནད་དོན་དང་འབྲེལ་བ་དེ་ལས་ཀྱང་ཟབ་པོ་ཡོད།

རྒྱ་ནག་ལ་ཀྲོང་གོ་ཟེར་བ་དེ་ནི་དཀྱལ་རྒྱལ་ཟེར་བ་དང་དེར་ཡོད་ཧན་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ ༥༥ ཙམ་ཕྱིས་སུ་བགྲངས་ཡོད་པ་མ་ཟད། རྒྱ་སྐད་དུ་རྒྱ་མིར་ཀྲོང་གོ་རན་ཟེར་བ་དེའི་ནང་རྒྱ་རིགས་དང་རྒྱ་ནག་གི་མི་འབོར་ཆེ་ཤོས་ཧན་མི་རིགས། ད་དུང་དེའི་ནང་གྲངས་ཉུང་མི་རིགས་ཁག༥༥ ཟེར་བར་བོད་མི་དང་སོག་པོ། ཨུ་གྷུར་སི་ཁ་ཆེ་མི་རིགས་བཅས་འཚུད་ཡོད་པ་རེད།

དེའི་ནང་བརྒྱ་ཆ་༩༤ ཧན་རྒྱ་རིགས་ཡིན། དེ་ལ་བརྟེན་ནས་བོད་པས་རང་ཉིད་བོད་མི་ཡིན་པའི་ངོ་རྟགས་གསལ་བར་བསྟན་ནས་རྒྱ་ནག་དང་ཐ་དད་པའི་དྲན་གསོ་འཐེབས་ཐུབ་པའི་ལོ་རྒྱུས་ཤིག་ལོངས་སྤྱོད་བྱས་པ་དང༌། དེ་བརྒྱུད་ལྷག་པར་དུ་བོད་དེ་རང་བཙན་དང་ཆེས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པ་ཡང་མཐོང་ཐུབ། གལ་ཏེ་བོད་མི་རྣམས་རིག་གཞུང་དང་མི་རིགས་ཀྱི་ཆ་ནས་རྒྱ་རིགས་ཐ་དད་ཇི་ལྟར་ཡིན་ནམ་ཞེ་ན། ང་ཚོ་བོད་པས་ལན་འདེབས་ཇི་ལྟར་བྱེད་རྒྱུ་རེད། སྔ་མོ་ཞིག་ཏུ་སྟོབས་ཤུགས་ཆེ་བའི་བོད་ཀྱི་རྒྱལ་པོ་ཞིག་ནས་རྒྱ་ནག་གི་རྒྱལ་པོ་ཏ་ཡི་ཚུང་(Tai Tsung) ཕྱི་ལོ་མ་བྱུང་སྔོན་གྱི་ལོ་༧༦༣ ནས་༨༠༤ བར།(763-804 AD)ཞེས་པར་དམག་དྲངས་ཏེ་རྒྱ་ནག་གི་རྒྱལ་ས་ཆཱན་སྐྲཎ་ད་ལྟ་(Xian)ཞེས་འབོདབླངས་པ་དང༌། རྒྱལ་པོ་ཆཱན་ནས་རང་ཉིད་ཀྱི་རྒྱལ་སྲིད་བཞག་སྟེ་བྲོས་བྱོལ་དུ་འགྲོ་དགོས་བྱང་བ་མ་ཟད། ཕྱིས་སུ་ལོ་ལྟར་བཅའ་ཁྲལ་ཕུལ་དགོས་པའང་བྱུང་ཡོད།

ད་དུང་ཕྱི་ལོ་སྔོན་གྱི་ལོ་༨༢༡ (821 AD)ལ་རྒྱ་བོད་དབར་ཞི་མཐུན་ཆིངས་ཡིག་གི་རྡོ་རིང་ཐོག་ཏུ། བོད་བོད་ཡུལ་དུ་སྐྱིད། རྒྱ་རྒྱ་ཡུལ་དུ་སྐྱིད། ཅེས་པའི་གནའ་བོའི་ལོ་རྒྱུས་དེར་ཡུལ་གཉིས་ཀ་རང་བཙན་གྱི་རྒྱལ་ཁབ་ཡིན་པར་བོད་མི་ཚོས་རྒྱུ་མཚན་དྲངས་ཡོད། དེས་ནི་ལོ་རབས་དེར་རྒྱ་བོད་གཉིས་འདྲ་མཉམ་གྱི་གནས་བབས་ཡོད་པའང་གསལ་བཤད་ཐུབ་པ་རེད། དེ་འདྲའི་རྡོ་རིང་ད་ལྟའང་རྒྱལ་ས་ལྷ་སའི་ཇོ་ཁང་མདུན་དུ་བོད་རང་དབང་དང་རང་བཙན་ཆེད་རྒྱང་འབོད་བྱེད་བཞིན་ཡོད་ལ། དེ་ལྟ་བུའི་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་རབས། སྐད་ཡིག་དངོས་ལྡན་གྱི་རིག་གཞུང་བཅས་པ་ཆེས་ཐ་དད་ཡོད་པའི་རྒྱུ་མཚན་དེ་རྣམས་ལ་བརྟེན་ནས་རྒྱ་བོད་གཉིས་ངོ་བོ་ལོགས་སུ་གོ་རྟོགས་ཐུབ་པ་ཡིན།

ཡིན་ཡང་མི་ལོ་ ༤༧ རིང་རྒྱ་མིས་འཚེ་བ་མེད་པའི་གནའ་བོའི་གསོལ་རྒྱུན་དང་ཆབ་སྲིད་གཉིས་གཞི་གཏིང་ནས་མཉམ་བསྲེས་ཀྱིས་བེད་སྤྱོད་ལོག་གཏོང་བྱས་པ། ཧམ་བཤད་དང་རྫུན་བསྒྲིགས་གཅིག་པུས་རྒྱབ་ཤ་དཀར་པོ་ཟེར་བའི་ནང་དོན་ནག་པོ་དེ་བཏོན་དང་འདོན་བཞིན་པ་ནི་བོད་མི་ཚོས་ལོ་རྒྱུས་དང་ཆབ་སྲིད་གང་ཐད་ནས་ངོས་ལེན་དང་མོས་མཐུན་ནམ་ཡང་བྱེད་ཐུབ་ཐབས་མེད་པ་ཞིག་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
གནའ་རབས་ཀྱི་བོད་རང་བཙན་ཡིན་མིན་ཡིག་ཆ་ཁ་གསལ་ཞིག་རྒྱ་བོད་གཉིས་ཆ་ལ་བསྟན་ཡག་ཡོད་མ་རེད། སྤྲེའུ་ནངས་བཞིན་བསྡད་མ་ཚུགས་པར་གནའ་རབས་སྒྲུང་འཐུང་རྣམས་ཀློག་རྒྱུ་བཞོག། ད་ལྟར་མ་འོངས་པ་གང་ཁྲན་ཏང་གིས་ཆོས་མེད་མུན་ནག་ཁྱིམ་ནང་ཆོས་ལྡན་བོད་པ་ཚང་མ་དགའ་དད་སྤྲོ་གསུམ་གྱིས་དབང་བསྐུར་ཞུས་ནས་ས་ཡིག་རྒྱབས་ནས་གཏན་པོ་བཟོ་ཡག་རེད། གནའ་རབས་ཀྱི་ལོ་རྒྱུས་དེ་ཚོར་རང་སྲེག་གནང་ཚར་སོང་། བཙན་བྱོལ་ལོ་རྒྱུས་དབུ་མས་སྟོང་ཉིད་རྟོགས་ཚར་སོང་།
བོད་དེ་རྒྱ་ནག་ལས་ཐ་དད་པའི་རང་བཙན་གྱི་རྒྱལ་ཁབ་གཅིག་རེད་ཟེར་དུས་མང་པོ་ཞིག་གིས་སྐད་ཡིག ཆས་གོས། གོམས་སྲོལ་སོགས་རྒྱ་དང་ཐ་དད་ཡིན་ཞེས་རྗོད་བཞིན་ཡོད། དེ་ཙམ་བརྗོད་པའང་ཡག་པོ་རེད། ཡིན་ནའང་བསམ་བློ་ཞིབ་ཕྲར་བཏང་ན་སྐད་ཡིག་སོགས་རྒྱ་བོད་གཉིས་ཐ་དད་ཡིན་པ་རྒྱ་ནག་གི་དབུ་འཁྲིད་ཚོས་ཀྱང་འདོད་ཀྱི་རེད། གང་ལ་ཞེས་ན་རྒྱ་ནག་དེ་གྲངས་ཉུང་མི་རིགས་ལྔ་བཅུ་ལྷག་གིས་གྲུབ་པའི་རྒྱལ་ཁབ་གཅིག་ཡིན་ཚུལ་རྗོད་བཞིན་ཡོད་པའི་ཕྱིར་རོ། ང་ཚོས་བལྟ་ས་གཙོ་བོ་དེ་བོད་ཀྱི་ས་གཞི་སྒང་དུ་བོད་མི་རང་ཉིད་ཀྱིས་དབང་བསྒྱུར་བྱས་ཐུབ་འདུག་མིན་ལ་ཞིབ་འཇུག་བྱེད་དགོས། མདོར་བསྡུས་ནས་བཤད་ན། དབང་དུ་བསྒྱུར་བྱར་གཉིས་ཏེ་ཕྱི་སྲིད་དང་ནང་སྲིད་གཉིས་ཡིན། ཕྱི་སྲིད་ཀྱི་སྐོར་ནི་རྒྱལ་ཁབ་གཞན་དང་ཆིངས་ཡིག་བཞག་པ་དང་། དམག་འཁྲུག་བྱས་པ། ཚོང་འབྲེལ་བྱས་པ། ཕྱིར་བསྐྱོད་ཐོངས་མཆན་སྤྲད་པ། ནང་ཡོང་ལ་ཐོངས་མཆན་འདུག་མེད་བརྟགས་པ་སོགས་སོ།
ནང་སྲིད་ལ་ཁྲལ་བསྡུས་དང་ཁྲིམས་གཅོད་ཁོར་ཡུག་སྲུང་སྐྱོབས། ནོར་སྲིད་ལ་བདག་ཉར། མངའ་འབངས་ལ་སྲུང་སྐྱོབ་སོགས་སོ། དེ་བཞིན་ཆབ་སྲིད་ཀྱི་རྒྱལ་མཚམས་དང་རང་བྱུང་གི་རྒྱལ་མཚམས་བཅས་ལ་བརྟགས་དགོས། དབོན་ཞང་རྡོ་རིང་ལྟ་བུ་ནི་ཆབ་སྲིད་ཀྱི་རྒྱལ་མཚམས་ཡིན། བོད་ཀྱི་མཐའ་འཁོར་ཀུན་ཏུ་གངས་རི་དང་རི་རྒྱུན་གྱིས་བསྐོར་བ་ནི་རང་བྱུང་གི་རྒྱལ་མཚམས་ཡིན། ཕོ་བྲང་པོ་ཏཱ་ལ་ནི་ཕོ་བྲང་ཡིན་པའི་ཁར་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ཚོགས་ཁང་ཡང་ཡིན་ཏེ་བོད་གཞུང་ཆོགས་འདུ་རྒྱས་འཛོམས་ཚོགས་ཡུལ་ཡིན་པའི་ཕྱིར་རོ།་དེ་བཞིན་རྒྱལ་དར་དང་རྒྱལ་གླུ། རྒྱལ་དངུལ་དེ་ཚོ་གལ་ཆེན་པོ་གྱུར་ཡོད་དོ།